13 Oct 2014
1 min 45 sec
- ཡེ། སྒོ་མགོའི་གསེར་མཁར་དགུ་ཐོག་རེད།
- འ་རོ། གསེར་དགུ་ཐོག་ཉི་མ་རང་ཤར་རེད།
- ཡེ། སྒོ་འགྲམ་ཤིང་ལོ་ཡར་སྐྱེས་རེད།
- འ་རོ། ཤིང་ཡར་སྐྱེས་ཁུ་ཡུག་རང་འཁོར་རེད །
- ཡེ། སྒོ་བཀྱགས་ས་ཁྲི་དགུ་སྐོར་རེད།
- འ་རོ། ས་དགུ་སྐོར་འབྲུ་དྲུག་རང་འགྲུབ་རེད།