Audio Overview
Description not yet available.
- གཙང་གི་ཆང་གཞས། ༼གནས་བསོད་བདེ་བ་༽
- ཡར་གྱི་སྤང་གཞོང་གང་ལ། ཨ་ལ་སྤྱན་གཅིག་ལ་གཟིགས་དང་། སོའོ་ཡ་ལ་སོའོ། སོའོ་ཨོའོ་ཡ་གནས་བསོད་ལ་བདེ་བའི་ཤ་བ་ཁྱུ་གཅིག་འཛོམས་སོང་། སོའོ་ཡ་ལའ། གནས་བསོད་བདེ་བའི་ཤ་བ་ཁྱུ་གཅིག་འཛོམས་སོང་།
- ཡར་གྱི་ཆུ་མོའི་གང་ལ། ཨ་ལ་སྤྱན་གཅིག་ལ་གཟིགས་དང་། སོའོ་ཡ་ལ་སོའོ། སོའོ་ཨོའོ་ཡ་ལ་གནས་བསོད་ལ་བདེ་བའི་གསེར་བྱ་ཁྱུ་གཅིག་འཛོམས་སོང་། སོའོ་ཡ་ལའ། གནས་བསོད་ལ་བདེ་བའི་གསེར་བྱ་ཁྱུ་གཅིག་འཛོམས་སོང་།
- མར་གྱི་ལྕང་གླིང་གྲུ་བཞིའི་གང་ལ། ཨ་ལ་སྤྱན་གཅིག་ལ་གཟིགས་དང་། སོའོ་ཨོའོ་ཡ་ལ་སོའོ། སོའོ་ཡ་ལའ། གནས་བསོད་ལ་བདེ་བའི་བྱིའུ་ཆུང་ཁྱུ་གཅིག་འཛོམས་སོང་། སོའོ་ཡ་ལའ་གནས་བསོད་ལ་བདེ་བའི་བྱིའུ་ཆུང་ཁྱུ་གཅིག་འཛོམས་སོང་།
- ཡར་གྱི་བཞུགས་གྲལ་སྟེང་ལ། ཨ་ལ་སྤྱན་གཅིག་གཟིགས་དང་། སོའོ་ཨོའོ་ཡ་ལ་སོའོ། སོའོ་ཡ་ལའ། གནས་བསོད་ལ་བདེ་བའི་ཕོ་གཞོན་ཁྱུ་གཅིག་འཛོམས་སོང་། སོའོ་ཡ་ལའ། གནས་བསོད་ལ་བདེ་བའི་ཕོ་གཞོན་ཁྱུ་གཅིག་འཛོམས་སོང་།