Skip to main content Skip to search
15 Dec 2011
4 min 39 sec
Rating
0
No votes yet
Audio Overview
Creators: 
Unknown

Sung in group settings such as new year celebrations or other festivals. 

Show More

  • གཞས་གཏོང་མཁན་ཚོ།
    ཁྱེད་ལ་དེ་དགའ་སྐྱིད་འཛོམས་པའི་རྣ་བའི་གསན་དང་། གནས་ལ་དགུང་བསངས་མཐོན་པོའི་བཤད་པ་ཡོད་ལ་ཟེར།
  • གཞས་གཏོང་མཁན་ཚོ།
    ཁྱེད་ལ་དེ་དགའ་སྐྱིད་འཛོམས་པའི་རྣ་བ་གསན་དང་། ང་ལ་དེ་དགུང་བསངས་མཐོན་པོའི་བཤད་པ་ཡོད་ལ་ཟེར།
  • གཞས་གཏོང་མཁན་ཚོ།
    དགུང་བསངས་མཐོན་པོ་རྒྱབ་ཤ་དཀར་པོ་འདྲ་ལ། ཁྲི་གདུགས་དེ་ཉི་མ་ཡ་གི་ནག་ཆུང་འདྲ་ལ་ཟེར།
  • གཞས་གཏོང་མཁན་ཚོ།
    དགུང་བསངས་མཐོན་པོ་རྒྱབ་ཤ་དཀར་ཆུང་འདྲ་ལ། ཁྲི་གདུགས་ཉི་མ་ཡ་གི་ནག་ཆུང་འདྲ་ལ།
  • གཞས་གཏོང་མཁན་ཚོ།
    དཀར་ལ་འོད་གཅིག་མཐོང་གིས་སྣམ་བུ་འདྲ་ལ། འབྲུག་ཁྲ་ཕྲ་ཆུང་སེར་རིའི་སྨྱུག་ཁྲ་འདྲ་ལ།
  • གཞས་གཏོང་མཁན་ཚོ།
    དཀར་ལ་འོད་གཅིག་མཐོང་གིས་སྣམ་བུ་འདྲ་ལ། འབྲུག་ཁྲ་ཕྲ་ཆུང་སེར་རིའི་སྨྱུག་ཁྲ་འདྲ་ལ།
  • གཞས་གཏོང་མཁན་ཚོ།
    ཁྱེད་ནས་དགུང་བསངས་མཐོན་པོའི་བཤད་པ་གསུངས་དང་། གཡང་དཀར་དཀར་པོའི་དུང་གི་བཤད་པ་ཡོད་ལ་ཟེར།
  • གཞས་གཏོང་མཁན་ཚོ།
    ཁྱེད་ནས་དགུང་བསངས་མཐོན་པོའི་བཤད་པ་གསུངས་དང་། གཡང་དཀར་དཀར་པོའི་དུང་གི་བཤད་པ་ཡོད་ལ་ཟེར།
  • གཞས་གཏོང་མཁན་ཚོ།
    བྲག་སྟོད་མཐོན་པོ་ཆོས་ཀྱི་གཞོང་པ་འདྲ་ལ། ཐང་དཀར་རྒོད་པོ་སློབ་དཔོན་པད་མ་འདྲ་ལ། ཐང་དཀར་རྒོད་པོ་སློབ་དཔོན་པད་མ་འདྲ་ལ་ཟེར།
  • གཞས་གཏོང་མཁན་ཚོ།
    བྲག་སྟོད་མཐོན་པོ་ཆོས་ཀྱི་གཞོང་པ་འདྲ་ལ། ཐང་དཀར་རྒོད་པོ་སློབ་དཔོན་པད་མ་འདྲ་ལ། ཐང་དཀར་རྒོད་པོ་སློབ་དཔོན་པད་མ་འདྲ་ལ།
  • གཞས་གཏོང་མཁན་ཚོ།
    ཁྱོད་ཀྱི་བྲག་སྟོད་མཐོན་པོའི་བཤད་པ་གསུངས་ལ། ང་ལ་བུ་ཆུང་གསུམ་གྱི་བཤད་པ་ཡོད་ལ། ང་ལ་བུ་ཆུང་གསུམ་གྱི་བཤད་པ་ཡོད་ལ་ཟེར།
  • གཞས་གཏོང་མཁན་ཚོ།
    ཁྱོད་ནས་བྲག་སྟོད་མཐོ་པོའི་བཤད་པ་གསུངས་ལ། ང་ལ་བུ་ཆུང་གསུམ་གྱི་བཤད་པ་ཡོད་ལ། ང་ལ་བུ་ཆུང་གསུམ་གྱི་བཤད་པ་ཡོད་ལ་ཟེར།
  • གཞས་གཏོང་མཁན་ཚོ།
    ཨ་ཅོ་རྒན་པ་ལྷ་ཆོས་ཞུ་ལ་སོང་ལ། རྩ་བའི་བླ་མའི་བཀའ་ཆོས་མཉན་ལ་སོང་ལ། རྩ་བའི་བླ་བའི་བཀའ་ཆོས་ཞུ་ལ་སོང་ལ།
  • གཞས་གཏོང་མཁན་ཚོ།
    ཨ་ཅོ་རྒན་པ་ལྷ་ཆོས་ཞུ་ལ་སོང་ལ། རྩ་བའི་བླ་མའི་བཀའ་ཆོས་ཞུ་ལ་སོང་ལ། རྩ་བའི་བླ་མའི་བཀའ་ཆོས་ཞུ་ལ་སོང་ལ།
  • གཞས་གཏོང་མཁན་ཚོ།
    ཨ་ཅོ་འབྲིང་བ་མི་དགུ་འགྲིམས་ལ་སོང་ལ། གཡུ་སྤྲུལ་བཟང་པོའི་ཕྱག་བྲིས་ཞུ་ལ་སོང་ལ། གཡུ་སྦྲུལ་བཟང་པོའི་ཕྱག་བྲིས་ཞུ་ལ་སོང་ལ།
  • གཞས་གཏོང་མཁན་ཚོ།
    ཨ་ཅོ་རྒན་པ་ལྷ་ཆོས་ཞུ་ག་སོང་ལ། ཨ་ཅོ་འབྲིང་བ་མི་དགུ་འགྲིམས་ག་སོང་། ཨ་ཅོ་འབྲིང་བ་མི་དགུ་འགྲིམས་ལ་སོང་ལ། གཡུ་ཆུང་སྒྲོལ་དཀར་དཔལ་འབར་སྒྲོགས་ལ་སོང་ལ། གཡུ་ཆུང་སྒྲོལ་དཀར་དཔལ་འབར་སྒྲོགས་ལ་སོང་ལ།
  • གཞས་གཏོང་མཁན་ཚོ།
    བུ་ཆུང་ང་རང་དཔའ་བརྟུལ་འཛིང་ག་ཡོད་ལ། དཔོན་བཟང་པོའི་ཕྱག་བྲིས་ཞུ་ལ་ཡོད་ལ། དཔོན་བཟང་པོའི་ཕྱག་བྲིས་ཞུ་ལ་ཡོད་ལ་ཟེར། 
  • གཞས་གཏོང་མཁན་ཚོ།
    རྒྱབ་དེ་ལ་རྩྭ་རྭ་གྲུབ་བཞི་ཡོད་ལ། དཔོན་བཟང་པོའི་གཅིག་གི་འདོགས་ས་ཡིན་ལ། དཔོན་བཟང་པོ་གཅིག་གི་འདོགས་ས་ཡིན་ལ་ཟེར།
  • གཞས་གཏོང་མཁན་ཚོ།
    མདུན་འདི་ལ་སྐྱིད་ཆུ་སྔོན་པོ་ཡོད་ལ། ལྷ་སའི་ཇོ་བོ་ལ་ཡོན་ཆབ་ཕུལ་གྱི་ཡིན་ལ། ལྷ་སའི་ཇོ་ལ་ཡོན་ཆབ་ཕུལ་གྱི་ཡིན་ལ།
  • གཞས་གཏོང་མཁན་ཚོ།
    སྒང་དེ་ལ་ལྕགས་ཀྱི་ཟམ་པ་ཡོད་ལ། གྲོང་ཚོ་ལྕགས་ཟམ་ང་རའི་ཟམ་པ་རེད་ལ། གྲོང་ཚོ་ལྕགས་ཟམ་ང་རའི་ཟམ་པ་རེད་ལ།
  • གཞས་གཏོང་མཁན་ཚོ།
    ་་་་་་་་་་་་་་ཡོད་ལ། ལྷ་རྗེ་དྭགས་པོ་བྱོན་པའི་ལྕགས་ཟམ་རེད་ལ། ལྷ་རྗེ་དྭགས་པོ་བྱོན་པའི་ལྕགས་ཟམ་རེད་ལ།
  • གཞས་གཏོང་མཁན་ཚོ།
    ལྷ་རྗེ་དྭགས་པོ་སྐུ་ཁམས་བཟང་ཟེར་བཟང་ལ། གཡུ་ཆུང་སྒྲོལ་དཀར་བསྟན་པ་དར་ཟེར་དར་ལ། གཡུ་ཆུང་སྒྲོལ་དཀར་བསྟན་པ་དར་ཟེར་དར་ལ།