17 Mar 2016
1 min 12 sec
- ཕ་རིའི་ཐང་ཆེན་ཐང་ན།
- ར་མ་ལུག་གིས་བཀང་ཡོད།
- རང་སེམས་དགའ་བའི་ལྷ་ལུག
- ཁྲ་ཆུང་མིག་གིས་འཚོས་ཡོད།
- ཕ་རིའི་ཐང་ཆེན་དཀྱིལ་ན།
- དཀར་པོ་གུར་ཞིག་ཕུག་ཡོད།
- གུར་མཐའ་གསེར་གིས་བཀང་ཡོད།
- ནང་ན་ཆུང་འདྲིས་བཞུགས་ཡོད།
- ཕ་རིའི་ཐང་ཆེན་ཐང་ན།
- མེ་ཏོག་དཀར་སེར་དམར་ལྗངས།
- རང་སེམས་དགའ་བའི་མེ་ཏོག།
- མཛུབ་མོ་བཙུགས་ནས་འཐུས་ཡོང་།
- མཛུབ་མོ་བཙུགས་ནས་འཐུས་ཡོང་།