Skip to main content Skip to search
15 Dec 2011
1 min 15 sec
Rating
0
No votes yet
Audio Overview
Creators: 
Unknown
  • བློ་བཟང་ལགས
    དེབ་ཡོད་པས།
    Do you have any books?
  • སྒྲོལ་དཀར་ལགས
    དེབ་མང་པོ་ཡོད།
    Yes, I have many books.
  • བློ་བཟང་ལགས
    བོད་ཡིག་རེད་པས།
    Are they in Tibetan?
  • སྒྲོལ་དཀར་ལགས
    མང་ཆེ་བ་བོད་ཡིག་རེད།
    Most are in Tibetan,
  • སྒྲོལ་དཀར་ལགས
    ད་དུང་རྒྱ་ཡིག་དང་དབྱིན་ཇིའི་ཡི་གེ་ཡའི་༼ཡང་༽ཡོད།
    but I also have some in Chinese and English.
  • བློ་བཟང་ལགས
    དེབ་འདི་ག་རེ་རེད།
    What's this book?
  • སྒྲོལ་དཀར་ལགས
    འདི་ཨ་མེ་རེ་ཀའི་དུས་དེབ་རེད།
    This is an American magazine.
  • བློ་བཟང་ལགས
    ཨ་མེ་རེ་ཀར་གཡག་དང་བྱ་རྒོད་ཡོད་རེད་པས།
    Are there yaks and vultures in America?
  • སྒྲོལ་དཀར་ལགས
    གཡག་ཡོད་མ་རེད། ཡིན་ནའི་༼ཡིན་ན་ཡང་༽བྱ་རྒོད་ཡོད་རེད།
    There aren't any yaks, but there are vultures.
  • སྒྲོལ་དཀར་ལགས
    རྟ་དང་ལུག་དང་བ་ཕྱུགས་ཡའི་༼ཀྱང་༽ཡོད་རེད།
    There are also horses, sheep and cows.
  • བློ་བཟང་ལགས
    རི་མཐོ་པོ་ཡོད་རེད་པས།
    Are there any high mountains?
  • སྒྲོལ་དཀར་ལགས
    ཡོད་རེད།
    Yes, there are.
  • བློ་བཟང་ལགས
    ལ་དྭགས་ལ་གཡག་འདུག་གས།
    Are there yaks in Ladakh?
  • སྒྲོལ་དཀར་ལགས
    ལ་དྭགས་ལ་གཡག་འདུག 
    Yes, there are yaks in Ladakh.
  • སྒྲོལ་དཀར་ལགས
    ད་དུང་ཟངས་དཀར་དང་འབྲས་ལྗོངས་དང་འབྲུག་ཡུལ་ལ་འདུག
    And also in Zangskar, Sikkim and Bhutan.
  • སྒྲོལ་དཀར་ལགས
    བོད་རིགས་ཀྱི་ལུང་པ་མང་ཆེ་བ་ལ་ཡོད་རེད།
    As well as in most of the regions inhabited by ethnic Tibetans.
  • བློ་བཟང་ལགས
    ལ་དྭགས་ལ་ར་དང་ལུག་དང་བོང་གུ་༼བོང་བུ་༽ལ་སོགས་པ་འདུག་གས།
    In Ladakh, are there goats, sheep, donkeys and so on?
  • བློ་བཟང་ལགས
    འདུག མང་པོ་འདུག
    Yes, there are many.