Skip to main content Skip to search
14 Jun 2018
2 min 32 sec
Rating
0
No votes yet
Audio Overview
Creators: 
Rinzin Dema

Aum Lemo narrates a poem told from the perspective of a mother yak. It expresses the yak's sadness at losing her love and taking her to Paro town for slaughtering. She meets an old yak on the way to Paro town and unexpectedly she becomes pregnant. That sudden birth arrives to her sadness and melancholy, and she worries about her calf during the time of her slaughter. She could hear people demanding her meat before she was slaughtered and when she was tied on the tree, all she could do was cry.

Show More

  • ཨམ་གླེ་མོ་ Aum Lemo
    ད་ང་གིས་ དཔེ་གཏམ་ཆུང་ཀུ་ཅིག་ན་ལུ་ཞུ་བ་ཅིན། ཏེ་རོགས་སྔོན་མ་ ཏེ་མི་མཁས་མཆོག་ཚུ་གིས་ ཏེ་ཧེ་མ་གསུངས་བཞག་བཞག་པའི་དཔེ་གཏམ་ ཡར་སྒང་གི་སི་ལི་འབྱིམོ་ལུ་དཔེ་སྦྱར་ཏེ་ཞུ་ཞུཝ་ཅིག་ ཏེ་ང་གིས་ཡང་ ན་ལུ་དཔེ་འབད་ ང་ར་འདི་མཁསཔ་བཅའོ་ག་ནི་ཡང་མེན་ འ་ནཱིམ་ཅིག་ན་ལུ་ཞུ་བ་ཅིན།
  • ཨམ་གླེ་མོ་ Aum Lemo
    ཏེ་ཡར་སྒང་གི་སི་ལུ་འབྱིམོ། །ཉམས་དགའ་བའི་སྒང་སྟོད་བསྐོར་བའི་བསྒང། །རྩྭ་ཟ་བ་སྒང་གི་ཕྱོགས་ལས་ཟ། །ཆུ་འཐུང་བ་སྒང་ཆུ་གསེབ་ལས་འཐུང་། །
  • ཨམ་གླེ་མོ་ Aum Lemo
    གྲོགས་ལ་གཡག་སྲསཔོ་དང་ཕྱདཔ་ལས། །འབྱིམོ་རང་གི་ལུས་ལུ་བོའུ་ཅིག་དྲན། །བོའུ་དྲན་ཀྱང་ཙམ་ལུ་བོའུ་འཁོར་མ་བཏུབ། །
  • ཨམ་གླེ་མོ་ Aum Lemo
    ས་ན་ལས་མར་མར་འགྱོ་ས། །མར་བོད་ཀྱི་མངའ་རི་ཐང༌ལུ། །རྩྭ༌ཟ༌བ༌ལམ༌རྩྭ་སོ་གིས་རྨུར། །ཆུ༌འཐུང༌པ༌འདམ༌ཆུ༌གསེབ༌ལས༌འཐུང༌། །
  • ཨམ་གླེ་མོ་ Aum Lemo
    གྲོགས༌གཡག༌རྒས་རྒསཔ་ད་འཕྱདཔ་ལས། །འབྱིམོ༌རང༌གི༌ལུས༌ལུ༌བོའུ༌མ༌དྲན། །བོའུ༌མ༌དྲན༌ཙམ༌ལུ༌བོའུ༌གཅིག༌འཁོར། །
  • ཨམ་གླེ་མོ་ Aum Lemo
    ང༌འབྱོགཔ༌ཡ༌གི་རྒས་པ་གིས། །ཐགཔ༌མགྲིན་ཐག་མདུན༌ཐག༌བཏགས༌ཏེ། །མར༌ཤ་ནོར་འཁྱིདཔ་ལས། །
  • ཨམ་གླེ་མོ་
    ས༌ན༌ལས༌མར༌མར༌འཁྱིད༌ས། །མར༌ཚོང༌འདུས་[བལ་?]གྱི་ལྡུམ་ར། །[བལ་?]གྱི་དཀར་ཤིང་སྐྱེ་ས། །
    And where the cotten trees were grown.
  • ཨམ་གླེ་མོ་ Aum Lemo
    འབྱིམོ༌མགུ་དང་ལྕང་མ་སྦྲགསཔ་ལས། །འཁྲུལ༌བ༌འབྱིམོ་ང་རང་ལང་ས། །ན༌འཁྲུལ༌རོགས་འབད་མི་བོའུ་ཨིན༌མས། །
  • ཨམ་གླེ་མོ་ Aum Lemo
    འབྱིམོ༌ཁ༌འཁྱབ༌མིག་འཁྱབ་མ་ཡལཝ་ལས། །ཤ༌ང༌གཅིག༌ང༌གཅིག༌ཟེར༌མི། །བསམ༌དང༌[རྒྱས༌?]ཀྱིས༌མ༌ཁྱབ༌ལོ། །
  • ཨམ་གླེ་མོ་ Aum Lemo
    ནི༌ད་ང༌གིས༌ཆུང༌ཀུ༌ཅིག༌ཞུ༌བ༌ཅིན༌ ཏེ༌མོ༌ཡར་ཉམས༌དགའ༌བའི༌སྒང༌སྟོད༌ཟེར༌བའི་བསྒང༌ ཡར་སྒང་གི༌ན་ལས་ཕར་སྡོད༌པའི༌བསྒང༌ ཏེ་མོ༌གནམ༌མེད༌ས༌མེད༌
    So, if I elaborate a little on this, that female yak was so happy at her home (high mountains), she meet with a young yak of her age as her husband and she wished to have a child from him but it did not happen.
  • ཨམ་གླེ་མོ་ Aum Lemo
    ཏེ་ནི༌ལས༌རྩྭ༌ཟ༌རུང༌སྒང༌ཕྱོགས༌ལས༌ཟ་ ཆུ༌འཐུང༌རུང༌སྒང༌ཆུ༌གསེབ༌ལས༌འཐུང༌སྦེ་ ཉམས༌དགའ༌ཏོག༌ཏོ༌སྦེ་སྡོད༌སྡོདཔ༌བར་ ཏེ་འ་ནཱི་འབྱོགཔ་འདི་གིས་ ཏེ༌མོ༌གི༌འབྱོགཔ༌འདི༌གིས་ ཏེ་མོ༌མར་ཤ༌ནོར༌ནང༌བཙུགས༌ནི༌འབད༌ཁ༌བཟེད༌བཟེདཔ༌མས་ སྤ༌རོ༌ཚོང༌འདུས༌ཚལ༌ཁ༌ལུ།
  • ཨམ་གླེ་མོ་ Aum Lemo
    ཏེ་འདི་ལས་ ཏེ་མོ༌ཉམས༌དགའ༌ཏོག༌ཏོ་སྦེ་སྡོད༌སྡོད་པ་ར༌ ཏེ༌མོ༌ཡར་ལས་མར༌འཁྱིད༌ ཏེ་གྲོགས་འདི་དང་ཁ་འཕྱལ་ཏེ་འཁྱིད༌ མར༌ཏེ་སྔ༌རི༌ཐང༌ཟེར་མི་ཐང་འདི་ནང་ལུ༌འབྱོགཔ༌འདི༌གིས༌མར་འཁྱིད༌འཐོན༌འོང༌ནུག
  • ཨམ་གླེ་མོ་ Aum Lemo
    ཏེ་མར༌ལྷོདཔ༌ད༌ ཏེ་མས་ནང་ལུ༌ ཏེ་ཞག༌གཅིག༌མར༌བཞག༌བཞགཔ་མས་ ཏེ༌འ༌ནི༌བསྒང་རྩྭ༌ཟ༌བ༌ལམ༌རྩྭ་སོ༌གིས་རྩབ༌ཟེར༌ ཏེ་ལམ་ཁ་གི་རྩྭ༌འདི༌སོ་གིས༌རྩབ་ཟ༌ཟཝ༌མས་ ཏེ༌ཆུ༌འཐུང༌པ༌འདམ༌ཆུ༌གསེབ༌ལས༌འཐུང༌ཟེར༌ འདམ༌གྱི༌ཁུ་བ༌བཙག་འཐུང༌འཐུངམ༌མས།
  • ཨམ་གླེ་མོ་ Aum Lemo
    ཏེ༌གྲོགས༌འདི༌ གཡག༌གི་རྒསཔ༌ཅིག་དང༌ཕྱད༌ནི་ནང་ལུ་ ཏེ་ནི་བསྒང༌ལས༌མོ༌གི༌ལུས༌ལུ༌བུ༌གཞི༌མ༌འཁོར༌རུང༌བཏུབ༌པས༌ཟེར༌མནོ༌བཏང༌བཏངམ༌མས་ ཏེ་མ་འཁོར་མནོ་བཏང་བཏང་པར་ ཏེ་བུ་གཞི་ཅིག་འཁོར་ ཏེ་དེ་ལས་བུ་གཞི་ཕོ་ནང་སྡོད་སྡོད་པ་ར་ ཏེ་ནི་ལསན་ཏེ་མོ་ན་ལས་མར་ ཐགཔ་རྒྱབ་ཐག་དང་མདུན་ཐག་སྦེ་བཏགས་སྦེ་ ཏེ་མར་ས་ཚོང་འདུས་ཚལ་ཁ་བལ་གྱི་དཀར་ཤིང་སྐྱེ་ས་ཟེར་ ཏེ་ནི་ལས་ཏེ་འ་མ་ལུ་ ཏེ་མར་ལྕང་མ་གུ་སྦྲགས་ཏེ་ ཏེ་ནི་ལས་ཏེ་འ་ནཱི་འབད་བའི་བསྒང་ལས་ ཏེ་མོ་གི་བོའུ་ཅུང་འདི་ཕོཝ་ལུ་ཆགས།
  • ཨམ་གླེ་མོ་ Aum Lemo
    ཏེ་དེ་ལས་འཁྲུལ་བ་ང་རང་ལང་ས་ འཁྲུལ་རོགས་འབད་མི་ཡང་བོའུཨིན་མས་ཟེར་བའི་བསྒང་ལས་ ཏེ་མོ་རང་རོགས་གསད་ནི་སྦེ་རོགས་འབྱོག་པ་གིས་ ཁས་བླངས་ ཏེ་མ་བསདཔ་ལས་ ཏེ་མི་གིས་ཤ་སྲང་གང་ང་ལུ་གནང་ལོ་ ཤ་སྲང་དོ་ང་ལུ་གནང་ལོ་ གསུམ་ང་གནང་ལོ་ཟེར་སླབ་ མོ་གཟུགས་ཁར་[མནོ་འབད་རང་མ་ཚུགས་པས་?] ཏེ་འ་ནཱི་ ཏེ་མོ་ར་གི་བློ་བཟུམ་ཅིག་སྦེ་ ཏེ་མོ་ར་གིས་བརྩམས་བརྩམས་མས་ ཟེར་ཞུ་ནི་ལགས།། །།