17 Mar 2016
2 min
- ཡ་ལ་ཡེ།
- བྱ་ཁུ་ཡུག་སྙིང་ལ་རྗེ་ནི་བོ།
- དགུང་ནམ་འཕང་བརྒྱུད་ནས་འུ་དཀའ་ཐལ།
- ཡ་ལ་ཡེ།
- ཆར་བསིལ་མ་ནམ་འབབ་འུ་ཤེས་ཐལ།
- ལྷོ་གཡུ་འབྲུག་ནམ་གྲག་འུ་གོ་ཐལ།
- ཡ་ལ་ཡེ།
- བན་སེར་མོ་སྙིང་ལ་རྗེ་རྒྱུ་བོ།
- སྟོད་དབུས་གཙང་བརྒྱུད་ནས་འུ་དཀའ་ཐལ།
- ཡ་ལ་ཡེ།
- རྗེ་བླ་མ་ནམ་ཕེབས་འུ་ཤེས་ཐལ།
- ཆོས་བདུད་རྩི་ནམ་ཕབས་འུ་ཤེས་ཐལ།
- ཡ་ལ་ཡེ།
- སྟག་ཤ་ར་སྙིང་ལ་རྗེ་ནུ་བོ།
- ཡུལ་ས་མཐའ་བརྒྱུད་ནས་འུ་དཀའ་ཐལ།
- ཡ་ལ་ཡེ།
- ཡུལ་ཕ་མ་ནམ་ཐུག་འུ་ཤེས་ཐལ།
- ནང་ན་ཟླ་ནམ་རྩེད་འུ་གོ་ཐལ།
- ཡུལ་ཕ་མ་ནམ་ཐུག་འུ་ཤེས་ཐལ།
- ནང་ན་ཟླ་ནམ་རྩེད་འུ་གོ་ཐལ།