18 Mar 2016
2 min 15 sec
- ཡེ། སོ་སུམ་ཅུའི་སོ་རྒྱ་མ་འཐོར་གོང་།།
- ཟས་ཞིམ་པོ་ཡོད་ན་ཕ་མར་བཞིན།།
- ཡེ། སོ་སུམ་ཅུའི་སོ་རྒྱ་འཐོར་དུས་སུ།།
- ཟ་འདོད་ཀྱང་རྣས་ཀྱི་མི་ཆོད་གི།
- ཡེ། ལུས་རྩལ་དྲུག་འབྱུང་བཞི་མ་སྒུར་གོང་།།
- གོས་ཡག་པོ་ཡོད་ན་ཕ་མར་བསྐོན།།
- ཡེ། ལུས་རྩལ་དྲུག་འབྱུང་བཞི་སྒུར་སོང་དུས།།
- གྱོན་འདོད་ཀྱང་ལུས་ལ་མི་ཤོང་ཀི།།
- ཡེ། མིག་ཁྲ་ཆུང་མཆུ་མས་མ་བསྐོར་གོང་།།
- གཏམ་མཚར་མོ་ཡོད་ན་ཕ་མར་ཤོད།།
- ཡེ། མིག་ཁྲ་ཆུང་མཆུ་མས་བསྐོར་དུས་ན།།
- བལྟ་འདོད་ཀྱང་མིག་གིས་མི་རིག་གི།
- ཡེ། བལྟ་འདོད་ཀྱང་མིག་གིས་མི་རིག་གི།