05 Aug 2019
26 min 7 sec
Audio Overview
Creators:
Tashi Gyel
ཨ་མདོ་གཙན་ཚ་ས་ཆར་འདས་བོ་ལ་འདས་མཆོད་སྒྲུབ་སྟངས་བརྗོད།
主要叙述了安多尖扎地区为死者举行葬礼的情景。
This speech mainly describes funeral rites held for the dead in the Chentsa area of the Amdo region.
མི་རིགས་གང་ཞིག་ཡིན་རུང་རང་གི་དཔེ་ལྟར་ཚེ་འདས་ཀྱི་རྗེས་སུ་འདས་མཆོད་སྒྲུབ་པ་རེད། བོད་མི་རིགས་ལ་མཚོན་ནའང་འདས་མཆོད་འདི་ཆེས་གལ་ཆེན་ཞིག་ཡིན། བརྙན་འདིར་བོད་མི་སྤྱི་དང་བྱེ་བྲག་ཏུ་ཨ་མདོ་གཅན་ཚ་ས་ཆར་འདས་མཆོད་ཅི་ལྟར་སྒྲུབ་པ་གསལ་བཤད་བྱས་ཡོད།
任何民族都会按照自己的传统为死者举行葬礼。对藏族而言,葬礼尤为重要。这部影片具体描述了藏族整体,特别是安多尖扎地区举行葬礼的方式。
- འོད་སྲུང་།ང་ཚོ་མི་ཞིག་ལ་མཚོན་ན།
- མི་དར་མ་ཡིན་ན།
- རྒན་པ་ཡིན་ན།
- བྱིས་པ་ཡིན་ན་འཆི་བ་མ་གཅིག་པ་རེད།
- འཆི་བ་རྣམ་པ་སྣ་ཚོགས་ཡོད་པ་རེད།
- ཡོད་ན་ཡང་རང་གི་ལས་ཀྱིས།
- འཆི་བ་དེ་ལུས་སྟེང་དུ་ཅི་ལྟར་ཡོང་རྒྱུ་མི་ཤེས་པ་རེད།
- ཡོང་ན་འགའ་རེ་ན་མ་ཐག་ལོག་འགྲོ་བ་རེད།
- འགའ་རེ་ན་རྒྱུ་མེད་པར་ཤི་འགྲོ་བ་རེད།
- འགའ་རེ་ལོ་ཡི་སྟེང་དུ་ལོ་དང་ཟླ་ཡི་སྟེང་དུ་ཟླ།
- ཤ་ཟད་དེ་རུས་པ་ལ་ཐུག
- ཕུང་བོ་ཐམས་ཅད་ཁྲག་རྣག་གིས་བཀང་།
- འདི་ལྟར་ཤི་བ་དང་།
- ཁའི་ནང་དུ་ཟ་མ་མ་སོང་།
- དེའི་འཕྲོ་ནས་ཤ་ཕྱི་པགས་ཕུད་དེ།
- འདི་ལྟར་ཤི་བ་ཡོད་ན།
- ནད་པ་རང་ཉིད་ཡིན་ན།
- རང་གི་བཟའ་ཚང་ཚང་མ་ཡིན་ན།
- བླ་མར་ལུང་བསྟན་ཞུས་ན།
- ཁྱེད་ཚང་གི་དེར་སངས་རྒྱས་སྨན་བླ་ཡི་བདུན་ཞིག་འཛུགས་དགོས་ཟེར་ན།
- གྲྭ་བ་རྣམ་པ་བདུན་ཞུས་ཏེ་ཡོང་ནས།
- སྨན་བླའི་བདུན་ཞིག་འཛུགས་དགོས།
- སྨན་བླའི་བདུན་ཟེར་བ་འདི་རེད།
- གྲྭ་བ་བདུན་གྱིས་ཉི་མ་བདུན་ལ་བཙུགས་ན།
- བདུན་ཟེར་བ་དེ་ཅི་རེད་ཟེར་ན།
- བདུན་བདུན་བཞི་བཅུ་ཞེ་དགུ་ཡིན་པ་རེད།
- བདུན་བདུན་བཞི་བཅུ་ཞེ་དགུ་དེ།
- གྲྭ་བ་བདུན་ཉི་མ་བདུན་ལ་བསྡད་ན།
- བདུན་བདུན་བཞི་བཅུ་ཞེ་དགུ་ཡིན་པ་རེད།
- དེ་ཉི་མ་གཅིག་ལ་བགོས་ན།
- ཉི་མ་གཅིག་ལ་དབང་གཅིག་རེ་འཐེན་པ་རེད།
- དེའི་འཕྲོ་ནས་ཁྱིམ་ཚང་ཁྱིམ་ཆེན་ལ་ཐུག་ན།
- བདུན་བདུན་བཞི་བཅུ་ཞེ་དགུ་འདི།
- ད་ཐེངས་གྲྭ་བ་བདུན་ཞུས་ན།
- དེ་བདུན་གཅིག་རེད།
- དེའི་འཕྲོ་ནས་གྲྭ་བ་བདུན་ཞུས་ན་དེ་གཅིག་རེད།
- དེ་ལྟར་བདུན་བདུན་འཛུགས་པ་རེད།
- བདུན་བདུན་པོ་དེ།
- བདུན་བདུན་བཞི་བཅུ་ཞེ་དགུ་ཅན།
- བདུན་ཧྲིལ་པོ་ཞིག་གི་བཞི་བཅུ་ཞེ་དགུ་སྐུར་བ་རེད།
- དེ་རེད།
- དེའི་སྟེང་དུ་བླ་མར་ལུང་བསྟན་དང་།
- བླ་མར་ཞུས་པའམ་སྔས་མགོར་ཞུས་ན།
- བླ་མ་དེས་རང་གི་ལས་ལན་ཆགས་ཀྱི་སྟེང་ནས།
- དབང་བསྐུར་བ་དང་།
- གྲལ་བ་རིམ་གྲོ་ཐམས་ཅད་བཏོན་པ་དང་།
- དེ་ལྟར་བྱས་ན་ཁོ་ནད་པ་ཡིན་ན་ཡང་།
- ཅི་ཞིག་བྱས་ཀྱང་ཚེ་ཚད་མེད་པ།
- ཕ་རོལ་ལ་འགྲོ་བ་ལས་ཕྱིར་འཁོར་རྒྱུ་མེད་པ།
- མཚམས་ཞིག་ལ་ཐུག་ཡོད་ན།
- ཁོ་ཕྱི་སྲོག་ཆད་ནས་ནང་སྲོག་ཆད་མེད་པའི།
- མཚམས་འདི་འདྲ་ལ་ཐུག་ཡོད།
- ཐུག་ཡོད་པ་ན་བླ་མར་ཞུས།
- ཉི་མ་འགའ་རེ་བསྡད་རྗེས་ཁོ་ཡང་ཤི་འགྲོ་བ་དེ་འདྲ་རེད།
- དེ་རྗེས་ཁོ་ཤི་སོང་བ་རེད།
- ཁོ་ཤི་སོང་ན།
- དཔེ་འཇོག་རྒྱུ་ན་མི་འདི་ཤི་སོང་ན།
- རང་གི་སྡེ་བ་འཚོ་བའི་ནང་ནས།
- རང་ཉིད་ལ་ཤ་མི་ཉེ་རུས་མི་ཉེ།
- འདི་འདྲའི་མི་གཉིས་སོང་ནས།
- དགོན་པ་ཡིན་ན་གང་སར་སོང་སྟེ།
- རྩིས་ལས་ནག་རྩིས་འདེད་ས།
- ནག་རྩིས་པ་བཟང་པོ་ཡི་གམ་དུ་སོང་སྟེ་རྩིས་འདེད་དགོས་པ་རེད།
- རྩིས་དེ་དེད་ན་ཁྱོད་ཚང་གི་འདི་དེ་རིང་ཤི་སོང་མོད།
- ཤི་སོང་ན་འདིའི་འགྲོ་སྐར་བཟང་གི
- འགྲོ་སྐར་མི་འདྲ་བ་ཞིག་རེད།
- དཔེ་འཇོག་རྒྱུ་ན།
- ཁྱེད་ཚང་གི་འདི་ལ་སྐར་མ་ཡི་སྐར་ཆོས་འདོན་རྒྱུ་ཡོད་པ་རེད།
- ཁྱེད་ཚང་གི་འདི་ལ་སྐར་ཆོས་འདི་འདྲ་ཞིག་ལས་མེད་གི
- དེའི་འཕྲོ་ནས་ཁྱེད་ཚང་གི་འདི་ཤི་སོང་ན།
- ཕྱིར་སྐྱེས་པའི་སྐྱེས་སྒོ་ཡང་ཉུང་ངུ་ཞིག་ལས་མེད་གི
- ཁོ་གསོན་པོ་ཡིན་དུས་སྡུག་མཐོང་བ་རེད་ལ།
- ཤི་རྗེས་སྐྱེས་སྒོ་མེད་གི
- སྐར་ཆོས་མེད་གི
- འདི་ལྟར་བཤད་རྒྱུ་ཡོད་པ་རེད།
- སྐར་ཆོས་མང་པོ་ཐོན་ཟེར་ན་འདོན་རྒྱུ་མང་བ་རེད།
- སྐྱེས་སྒོ་མང་པོ་ཐོན་ཟེར་ན་དེར་འདོན་རྒྱུ་མང་བ་རེད།
- ཤི་བོ་འདི་ལ་དེ་འདྲའི་འདོན་རྒྱུ་དང་།
- བཅའ་རྒྱུ་གཅིག་ཀྱང་མེད་གི
- གང་ལྟར་ཀྱང་གྲྭ་བ་ཞིག་ལ།
- རང་གི་ཁྱིམ་ཚང་གིས་རང་གི་ཆ་རྐྱེན་གྱི་སྟེང་ནས།
- གྲྭ་བ་བདུན་ཞུས་རྒྱུ་ན།
- བཅུ་ཞུས་རྒྱུ་ན།
- ཉི་ཤུ་རྩ་གཅིག་ཞུས་རྒྱུ་ན།
- དགོན་པ་བརྒྱ་པོ་ཞུས་རྒྱུ་ན།
- དེར་གྲངས་ཀ་མེད་པ་རེད།
- རང་གི་ལས་ལོང་གི་སྟེང་ཟེར་བ་དང་།
- ཆ་རྐྱེན་གྱི་སྟེང་ཟེར་བ་ཡིན་ན།
- གང་ལྟར་ཀྱང་གྲངས་ཀ་གཅིག་ཀྱང་མེད་པ་རེད།
- དེའི་འཕྲོ་ནས་དེང་མ་ལ་དེ་ལྟར་ཟེར་བ་རེད།
- བླ་མ་བདུན་ལ་མཇལ་བ།
- དགོང་ཞག་བཞི་བཅུ་ཞེ་དགུ་དེད་པ།
- དེ་ལྟར་བྱས་ཀྱང་འདྲེ་ཡིས་སྐྱེས་ན།
- བཀོད་པ་མེད་ཟེར་བ་རེད།
- དེང་མ་ལོ་ལོན་གྱི་ཁ་དཔེ་ཞིག་རེད།
- དེ་ལྟར་བླ་མ་ཡིན་ན་ཡང་བླ་མ་བདུན་ལ་གཏུགས།
- བླ་མ་བདུན་ལ་གཏུགས་དགོས་པ་རེད།
- བླ་མ་བདུན་ལ་གཏུགས།
- གྲྭ་བ་བདུན་ལ་སྨོན་ལམ་གསུང་དུ་བཅུག
- དབང་བསྐུར་བ་དང་དེ་ལྟར་བྱེད་དགོས།
- དེའི་འཕྲོ་ནས་ང་ཚོའི་ས་ཆ་འདི་ནས།
- སྦྱིན་སྲེག་བྱེད་པ་རེད།
- སྦྱིན་སྲེག་བྱས་ན།
- སྦྱིན་སྲེག་པ་དེ་གྲྭ་བ་རྣམ་པ་འགའ་རེ་ཡོང་དགོས་པ་རེད།
- དེར་བལྟས་ནས་བསྡད་དེ།
- ཉི་མར་བལྟས་ནས་སྐར་མ་བལྟས་ནས།
- འདིའི་སྟེང་ནས།
- འདིའི་ཉི་མ་འདི་ལ་ཁྱེད་ཚང་གི་སྦྱིན་སྲེག་བྱེད་དགོས་ཟེར་བ་ན།
- གྲྭ་བ་ཡོང་སྟེ་དེར་ཐིག་བརྒྱབ་ནས།
- མཆོད་རྟེན་གྱི་འདབས་ལ་ཐིག་བརྒྱབ།
- དེའི་ནང་དུ་དགོང་མོར་བེམ་པོ་དེའི་ནང་དུ་བཞག་སྟེ།
- སང་ཉིན་སྔ་མོར་ནམ་ལངས་དུས།
- དགེ་འདུན་པ་རྣམས་ཀྱིས་ཆོ་ག་གསུངས།
- ཆོས་གོས་ན་བཟའ་གྱོན་ཏེ།
- དེའི་འཕྲོ་ནས་དབུ་རྒྱན་སོགས་གྱོན་ཏེ།
- སྦྱིན་སྲེག་གསུང་བ་ཡིན།
- སྦྱིན་སྲེག་དེ་གསུངས་ནས།
- སྦྱིན་སྲེག་དེའི་མཇུག་ནས།
- སྦྱིན་སྲེག་ཚར་སོང་ན།
- རང་གི་མི་བདག་གིས་དེའི་རུས་པ་བཏུས་དགོས་པ་རེད།
- དེའི་རུས་པ་བཏུས་ཏེ་རུས་པ་དེ།
- ཨ་མཆོད་དེས།
- མི་རིང་མི་རིང་ལ་ཨ་མཆོད་ཞིག་ཡོད་པ་རེད།
- ཨ་མཆོད་དེའི་སྔུན་ན་རུས་པ་དེ་བཞག་ན།
- དེ་ཨ་མཆོད་ཀྱི་སྐལ་རེད།
- བུམ་པ་དང་མེ་ཏོག་ཁྱེར་ཡོང་ནས་བཞག་སྟེ།
- རུས་པ་དེར་རུས་ཅོག་འདོན་དགོས་པ་རེད།
- རུས་ཅོག་དེ་འདོན་མཁན་སུ་རེད་ཟེར་ན།
- ཨ་མཆོད་རེད།
- ཨ་མཆོད་ཁོའི་སྐལ་རེད།
- དེ་ཡིན་ན་ཉི་མར་བལྟས་ནས་བསྡད་དེ།
- ཉི་མ་བཟང་པོ་ཞིག་ལ།
- ཁོ་རང་རྫ་མཐོ་སོ་མཐོ་སོ།
- མཐོ་སོ་མཐོ་སོར་སོང་སྟེ།
- རླུང་ལ་བསྐྱོན་དགོས།
- དེ་ལས་གཞན་ཆུ་ལ་སྐུར་བ།
- དེ་འདྲ་ཡོད་པ་རེད།
- དེ་འདྲ་འཕྲོད་མ་འཕྲོད་ཀྱི་བར་ནས།
- ཁྱོད་མེ་ལ་མི་འགྲིག་གི
- ཆུ་ལ་མི་འགྲིག་གི
- མི་འགྲིག་ན་ཁྱོད་ས་ལ་ཨེ་འགྲིག་གི
- ས་ལ་ཨེ་འགྲིག་གི་ཟེར་བ་ནི།
- ས་འོག་ལ་ས་གཏེར་བརྒྱབ་ན་ཨེ་འགྲིག་གི
- རླུང་ཡིན་ན་ཨེ་འགྲིག་གི
- ས་ཆུ་མེ་རླུང་བཞི་བོ་ལས་གཅིག་ལ་མཐུན་དགོས།
- ཆུ་ཡིན་ན་རྨ་ཆུ་ཡོད་པ་རེད།
- མེ་ཡིན་ན་རང་གི་སྦྱིན་སྲེག་གི་མེ་ཡོད་གི
- རླུང་ཡིན་ན་གོང་ནས་བཤད་པ་ལྟར།
- དུར་ཁྲོད་ལ་སོང་སྟེ།
- གསོན་པོར་ཁྱེར་ནས་སོང་སྟེ།
- དུར་ཁྲོད་ནང་ནས་གཡེང་བ་དང་།
- བྱ་ལ་གཡེང་བ་རེད།
- བྱ་བབས་ན་བྱ་དེའི་ཁ་བཞག་མ་བཞག་བྱས་ན།
- མི་རུས་མི་གཅིག་པ་ཞིག་སོང་སྟེ།
- གྲི་ཁྱེར་ནས་སོང་སྟེ་དུམ་བུར་བཅད་དེ།
- དེ་ལྟར་བྱ་ལ་སྟེར་དགོས་པ་ཞིག་རེད།
- དེ་རེད།
- ས་དང་ཆུ།
- ས་ཡིན་ས་འོག་ཏུ་འཇུག་དགོས།
- ས་གཏེར་བྱེད་དགོས།
- ས་ཆུ་མེ་རླུང་བཞི་བོ་དེ་རེད།
- དེ་ཡིན་ན་མི་འདི་ཤི་སོང་ན་དེ་འདྲ་ཞིག་རེད།
- དེ་གང་ལ་འགྲིག་རྒྱུ་རྩིས་པ་དེས་བལྟ་དགོས།
- ས་ལ་འགྲིག་པ་ཡིན་ན།
- ཆུ་ལ་འགྲིག་པ་ཡིན་ན།
- མེ་ལ་འགྲིག་པ་ཡིན་ན།
- རླུང་ལ་འགྲིག་པ་ཡིན་ན།
- བཞི་བོ་དེ་རྩིས་པ་ཡི།
- དཔེ་ཆའི་ངོས་ལ་བབས་ཡོད།
- ཁྱེད་ཚང་གི་དེ་མེ་བྱེད་དགོས་ཟེར་ན།
- སྦྱིན་སྲེག་བྱེད་དགོས།
- རླུང་བྱེད་དགོས་ཟེར་ན།
- སོང་ནས་དུར་ཁྲོད་ལ་གཡེང་བ་རེད།
- ཆུ་ལ་བྱེད་དགོས་ཟེར་ན།
- སོང་ནས་རྨ་ཆུ་ལ་སྐུར་བ་རེད།
- ས་བྱེད་དགོས་ཟེར་ན།
- ས་གཏེར་རྒྱག་པ་རེད།
- དེ་འདྲ་ཞིག་རེད།
- དེ་ཡིན་ན་དེའི་རྗེས་སུ་ཁོང་ཚང་གིས་ཅི་བྱེད་དགོས་ཟེར་ན།
- བདུན་པ།
- ད་ཐེངས་ཁང་བའི་ཆ་རྐྱེན་འགྲིག་ན།
- གྲྭ་བ་བདུན་གསུམ་ཉི་ཤུ་རྩ་གཅིག་ཞུས་པ་དང་།
- དེ་མིན་ན་དགོན་པ་བརྒྱ་བོ་ཞུས་པ་དང་།
- དེ་མིན་ན་མ་མཐའ་ཡང་།
- གྲྭ་བ་བདུན་རེ་བརྒྱད་རེ་བཅུ་བཞི་དེ།
- ཡང་གྲྭ་བ་བདུན་པ་རེ་ཕེབས།
- དེ་ཕྱིར་ཕེབས་སོང་ན་ཡང་དེའི་ཤུལ་ལ་ཡང་བདུན་པ་ཞིག་ཞུས།
- དེ་ཡིན་པ་རེད།
- དེ་ཁང་བ་ཡི་ཆ་རྐྱེན་མ་འགྲིག་ན་དེ་ལྟར་བྱེད་པ་རེད།
- དེ་ཡིན་ན་དེའི་རྗེས་ནས་ཅི་བྱེད་དགོས་ཟེར་ན།
- ཁྱིམ་ཚང་དེའི་གྲྭ་བ་ཡི་བདུན་པ་བུད་བཏང་ན།
- ཁོང་ཚང་གིས་སྨྱུང་གནས་སྲུང་བ་རེད།
- སྨྱུང་གནས་སྲུང་ན།
- ཁོ་ཚོ་གྲྭ་བ་འགའ་རེ་ཡོད་ན།
- དེ་ཡོང་ནས་སྨྱུང་གནས་ཀྱི་གསོ་སྦྱོང་བླངས་ཏེ།
- སྨྱུང་གནས་སྲུང་ན་རང་གི་སྡེ་བའི་ནང་ནས།
- སྨྱུང་གནས་བརྒྱ་རེ་ལོང་པ།