10 Oct 2014
2 min 40 sec
- ཡ། སྟོད་དབུས་གཙང་བླ་མའི་གུར་ཞིག་ཕུག
- ཡ་རོ། གུར་སྒོར་སྐྱིད་ཀྱི་ཉི་མ་ཤར།
- ཡ་རོ། གུར་མཐའ་སངས་རྒྱས་སྟོང་གིས་བསྐོར།
- ཡ་རོ། དེའི་ནང་ནས་བླ་མའི་བསམ་དོན་འགྲུབ།
- ཡ། བར་སྡེ་ཆེན་བུ་མོས་སྦྲ་ཞིག་ཕུག
- ཡ་རོ། སྦྲ་སྒོར་སྐྱིད་ཀྱི་ཉི་མ་ཤར།
- ཡ་རོ། སྦྲ་མཐའ་འབྲི་ནག་སྟོང་གིས་བསྐོར།
- ཡ་རོ། དེའི་ནང་ན་བུ་མོའི་བསམ་དོན་འགྲུབ།
- ཡ། སྨད་རྒྱ་ནག་རྒྱལ་བོས་མཁར་ཞིག་བརྡུང་།
- ཡ་རོ། མཁར་སྒོར་སྐྱིད་གི་ཉི་མ་ཤར།
- ཡ་རོ། མཁར་མཐའ་མི་དམག་སྟོང་གིས་བསྐོར།
- ཡ་རོ། དེའི་ནང་ན་དཔོན་པོའི་བསམ་དོན་འགྲུབ།