05 Aug 2019
26 min 45 sec
Audio Overview
Creators:
Tashi Gyel
ལབ་ཙེ་བསྟོད་སྟངས་དང་དེའི་གོ་དོན་བརྗོད་ཡོད།
简要介绍了拉则的庆贺及其意义。
This speech briefly introduces the celebration of Labtse and its meaning.
ཨ་མདོ་རོང་ཁུལ་དུ་ཕར་ཆེར་སྡེ་བ་རེ་ལ་ལབ་ཙེ་རེ་ཡོད། དེ་ནི་ཡལ་ལྷ་གཞི་བདག་ལ་མཆོད་པ་ཞིག་སྟེ། ལོ་རེ་ལ་ཐེངས་རེར་བསྟད་ནས་མི་ལ་ན་ཚ་མེད་ཅིང་བསམ་དོན་འགྲུབ་པ་དང་། ཕྱུགས་ལ་གོད་ཁ་མི་འབྱུང་བར་སྨོན་ལམ་རྒྱག
在安多农区,几乎每个村庄都有一个拉则。拉则节是为地方神明供奉的一年一度的祭祀。主要祈祷家人安康、心想事成,祈求牲畜免遭损失。
- འོད་སྲུང་།དེ་རེད།
- དང་པོ་ལབ་ཙེ་འདི་དར་ཚུལ་གྱི་རྒྱུ་མཚན་བཤད་ན།
- ཐོག་དང་པོར།
- བློན་ཆེན་མགར་དམ་པ་དབུས་གཙང་ནས་མར་ཕེབས་ནས་ཡོང་སྟེ།
- མཚོ་སྔོན་པོ།
- མཚོ་སྔོན་པོའི་ས་ཆ་ནས་ཁོ་ཚོས་ཇ་བསྐོལ་བ་དང་།
- མཚོ་སྔོན་པོ་ན་ཆུ་འགོ་ཞིག་ཡོད།
- ཆུ་འགོ་དེའི་ཁ་བརྒྱབ་ནས་བཞག་ཡོད།
- ཁ་བརྒྱབ་ནས་བཞག་ཡོད་ན།
- ཁོ་ཚོ་ལས་གཅིག་སོང་ནས་ཆུ་འགོའི་ཁ་ཕྱེ་བ་དང་།
- ནང་ནས་ཆུ་བླངས་པ་དང་།
- དེའི་མིང་ལ་མུ་གེ་ལུང་བ་ཟེར་བ་རེད།
- ཆུ་བླངས་ཏེ་ཕྱིར་ཁ་བརྒྱག་རྒྱུ་བརྗེད་སོང་བ་རེད།
- བརྗེད་སོང་ན་མཚོ་འཕྱུར་བ་རེད།
- མཚོ་འཕྱུར་ན་ས་ཆ་ཡངས་ཁམས་སྣུབ་ནས་ཡོང་ན།
- ཨོ་རྒྱན་རིན་པོ་ཆེ་ཡིས་སྤྲུལ་བའི་སྒོ་ནས།
- ན་བཟའ་ཡིས་མཚོ་ལ་འདི་ལྟར་བརྒྱབ་སྟེ།
- ཚུར་ཡོང་དུ་མ་བཅུག་པར་བཀག་པ་རེད།
- དེ་ལྟར་བྱས་པའི་མཚམས་དེར།
- ཁོང་སྤྲུལ་བའི་སྒོ་ནས་སོང་སྟེ།
- རྒྱ་གར་ལ་ཕེབས་པ་དང་།
- རྒྱ་གར་ནས་སྤྲུལ་བའི་སྒོ་ནས།
- རྒྱ་གར་མ་ཧ་དེ་བ་ཟེར་བ་ཞིག
- རི་ཆེན་པོ་ས་ཆ་ཡངས་ཁམས་རི་ཡིན་པ་དེ་འདྲ་ཞིག་གི
- མགོ་ཁོང་གིས་བཅད་ནས་ཁྱེར་ཡོང་སྟེ།
- མཚོ་སྙིང་མ་ཧ་དེ་བ་ཟེར་བ།
- མཚོ་སྙིང་གི་ནང་དུ་བརྒྱབ་སྟེ།
- ཆུ་འགོ་དེའི་ཁ་བརྒྱབ་པ་རེད།
- དེའི་མིང་ལ།
- མཚོ་སྙིང་དེར་བརྒྱབ་ན་ཡང་།
- འདིའི་མིང་ལ་ཡང་མ་ཧ་དེ་བ་ཟེར་བ་རེད།
- མཚོ་སྙིང་མ་ཧ་དེ་བ་ཟེར་བ་རེད།
- རྒྱ་གར་གྱི་དེའི་མིང་ལ།
- རི་དེའི་མིང་ལ་རི་མ་ཧ་དེ་བ་ཟེར་བ་རེད།
- དེ་ཡིན་ན་ཨོ་རྒྱན་རིན་པོ་ཆེ་ཡིས་སྤྲུལ་བའི་སྒོ་ནས།
- མཚོ་འདི་དེ་ལྟར་བརྒྱབ་པ་རེད།
- དེ་ཡིན་ན་མཚོ་དེ་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་བའི་སྒོ་ནས།
- འདིའི་ནང་སྟེ་མཚོ་འདིའི་ནང་དུ།
- ཆུ་ཆེན་བརྒྱ་དང་བརྒྱད་ཚང་ན།
- ཆུ་གཅིག་གིས་མ་ལོངས་པ་རེད།
- དེ་ནས་ཨོ་རྒྱན་རིན་པོ་ཆེ་ཡིས་སྤྲུལ་བའི་སྒོ་ནས།
- རིག་མོ།
- ཉི་ཟླ་ཉག་ཀའི་ཕར་འཁོར་གྱི་རིག་མོ་ཟེར་བ་དེ།
- རིག་མོ་ལྗོངས་རེད།
- མཚོ་སྔོན་པོ་མ་རེད།
- མཚོ་སྔོན་པོའི་ནང་དུ་ཆུ་དེའི་མ་ལོང་པར།
- ཆུ་དེ།
- རིག་མོ་ལྗོངས་ཀྱི་ཆུ་དེ།
- ཨོ་རྒྱན་རིན་པོ་ཆེ་ཡི་སྦག་དབྱུག་གིས་འདི་ལྟར་ཁྲིད་དེ།
- དེ་ཁྲིད་དེ།
- ཁ་ལ་གྱེན་ལ་ཆུ་དེ་ཁྲིད་ནས་སོང་སྟེ།
- མཚོ་ཡི་ནང་དུ་བཏང་ཡོད།
- དེ་བརྩིས་ན་ཆུ་ཆེན་བརྒྱ་དང་བརྒྱད་ཚང་ཡོད།
- རིག་མོ་ཡི་ཆུ་དེའི་ཁ་ནས་ང་ཚོ་སུ་སོང་ན།
- སོང་ནས་འདི་ལྟར་བལྟས་ན།
- ཡར་འགྲོ་མར་འགྲོ་མི་ཤེས་པ་རེད།
- ལ་གྱེན་ན་འགྲོ་བ་དང་འདྲ།
- དེའི་ཁ་ལ་རྩྭ་ཆག་འཕངས་ཏེ་བལྟས་ན།
- རྩྭ་ཆག་དེ་དལ་མོར་འགུལ་ནས།
- ཡར་འཁུར་ནས་འགྲོ་བ་རེད།
- དེ་ལྟར་ཨོ་རྒྱན་རིན་པོ་ཆེ་ཡི་སྤྲུལ་བའི་སྒོ་ནས།
- ལ་གྱེན་ན་ཆུ་ཁྲིད་པ་ཟེར་བ་དེ་རེད།
- སློབ་དཔོན་རིན་པོ་ཆེ་ཡི་སྦག་དབྱུག་གིས་འདི་ལྟར།
- སྦག་དབྱུག་ཟེར་ན་དབྱུག་པ་རེད།
- འདི་ལྟར་ཁྲིད་ནས་སོང་སྟེ།
- ཆུ་ཆེན་བརྒྱ་དང་བརྒྱད་པོ་དེ་ལྟར་ཚང་དུ་བཞག་པ་རེད།
- དེ་ཡིན་ན་དེ་ནས་མགར་དམ་པས་ཇ་བསྐོལ་རྒྱུ་ཟེར་ནས།
- མཚོ་ཨ་མ་ཁྲི་ཤོར་རྒྱལ་མོ།
- མཚོ་ཨ་མ་ཁྲི་ཤོར་རྒྱལ་མོ་ཟེར་བ་དེའི།
- ས་ཆ་ཡངས་ཁམས་དེ་ནས།
- སྡེ་བ་ཁྲི་ཕྲག་མང་པོ་བསྣུབས་པ་རེད།
- འདི་ལྟར་མཚོ་འཕྱུར་ནས་བསྣུབས་པ་རེད།
- དེའི་མིང་ལ་མཚོ་ཨ་མ་ཁྲི་ཤོར་རྒྱལ་མོ་ཟེར་བ་རེད།
- དེ་རེད།
- དེ་ཡིན་ན་ཁོ་ཚོས་ཇ་བསྐོལ་བ་རེད།
- ཇ་བསྐོལ་ན་མགར་དམ་པ་བྲོས་ཏེ།
- ཆུའི་སྣུབ་ནས་ཁྱེར་ཡོང་ན་བྲོས་ཏེ།
- ཕ་རོལ་ན་ཐང་ཆེན་ཞིག་ཡོད།
- དེར་བྲོས་ནས་སོང་སྟེ།
- དེ་ནས་དགོང་མོ་དེ་རུ་བསྡད་དེ།
- དེ་ནས་ལབ་ཙེ་ཞིག་བསྟད་པ་རེད།
- ལབ་ཙེ་དེ་བསྟད་པའི་རི་དེའི་མིང་ལ།
- བློན་པོ་གསེར་ཆེན་ཟེར་བ་རེད།
- བློན་པོ་གསེར་ཆེན་ཟེར་བ་དེ།
- ད་སྐབས་འདི་ལ་ཡང་དྲུག་པའི་བཅོ་ལྔ་བྱས་ན།
- ཉི་མ་དུས་ཆེན་ཁྱད་པར་ཅན་ལ།
- ལབ་ཙེ་བསྟད་ན།
- སྐྱེས་མཉམ་ལུང་ཟེར་བ།
- མཚོ་སྔོན་པོ་གཡས་རི་གཡོན་རི།
- བདུད་འཆོལ་ཐམས་ཅད།
- དེར་ལབ་ཙེ་བསྟོད་དུ་ཡོང་བ་རེད།
- དེ་ལབ་ཙེ་འགངས་ཆེན་ཡིན་པ་རེད།
- མགར་དམ་པ་ཡི་ལབ་ཙེ་ཡིན་པས།
- དེ་ལྟར་དེ་བསྟོད་དུ་ཡོང་བ་རེད།
- བསྟོད་དུ་ཡོང་ན།
- ལབ་ཙེ་བསྟད་ནས་ཕྱིར་ཐང་ཆེན་ལ་ཡོང་ན།
- ཐང་ཆེན་མི་རྟ་གཉིས་ཀྱིས་གང་སོང་།
- སྲན་མ་ཐང་ལ་བརྡལ་བ་དང་འདྲ་བར།
- རང་གི་ཕྱུགས་ཟོག་རང་གིས་ངོ་མི་ཤེས་པར།
- དེ་འདྲའི་མི་མང་ཞིག་འཚོག་རྒྱུ་ཡོད་པ་རེད།
- དེ་ནས་དེར་འཚོགས་ན།
- གླུ་བླངས་པ་དང་གར་འཁྲབ་པ།
- རྩེད་མོ་སྣ་ཚོགས་རྩེ་བ།
- དེ་ལྟར་བྱེད་པ་ཞིག་རེད།
- ལབ་ཙེ་དེ་དེ་ལྟར་དར་བ་རེད།
- གཙོ་བོ་ལབ་ཙེ་དེ་བློན་པོ་གསེར་ཆེན་གྱི་དེ་རེད།
- དར་བ་རེད་ཟེར།
- དེ་རེད།
- བློན་པོ་གསེར་ཆེན་གྱི་ལབ་ཙེ།
- གོང་ནས་བཤད་པའི་ཡུལ་ཀ་ཤོག་ཀ་ཆེན་པོ་ཞིག་གི་ལབ་ཙེ་རེད།
- ཉི་མ་བཟང་པོ་སྐར་མ་བཟང་པོ།
- དེར་བསྟོད་དུ་སོང་ན།
- དེ་ནས་ཚོགས་ཆེན་བྱས་པ་དང་།
- རྩེད་མོ་སྣ་ཚོགས་རྩེ་བ་དང་།
- འདིའི་སྟེང་འདི་ནས་ལབ་ཙེ་དེ།
- བསྟོད་དགོས་པའི་རྒྱུ་མཚན་དེ་རེད།
- དེའི་འཕྲོ་ནས་ལབ་ཙེ་ཟེར་ན།
- ལབ་ཙེ་ཡི་རྒྱུ་མཚན་དེ།
- དཔའ་མཁར་ཟེར་བ་ཞིག་དང་།
- ཟུར་མཁར་ཟེར་བ་གཉིས་ཡོད་པ་རེད།
- གཉིས་ཡོད་ན་དཔའ་མཁར་ཟེར་བ་དེ་དེང་མ་བོན་པོ་ཡི།
- བསང་ཡིན་ན་ལབ་ཙེ་ཡིན་ན།
- འདི་ཅི་ཞིག་ཡིན་ན་ཐོག་དང་པོར།
- བོན་པོ་དེ་དར་བ་སྔ་བའི་རྒྱུ་མཚན་གྱིས།
- འདི་བོན་པོའི་བསྟོད་ཚུལ་ཞིག་རེད།
- ཟུར་མཁར་ཟེར་བ་དེ་ནང་བའི་བསྟོད་ཚུལ་ཞིག་རེད།
- དཔའ་མཁར་ཟེར་བ་དེ་བོན་པོའི་བསྟོད་ཚུལ་ཞིག་རེད།
- བོན་པོའི་བསྟོད་ཚུལ་དེའི་ནང་དུ་བསྟད་ན།
- ཁྲ་སྙིང་གླག་སྙིང་།
- ཁྲ་ཡི་སྙིང་དང་གླག་གི་སྙིང་།
- སྟག་གི་སྡེར་མོ།
- ཨོ་ལེད་་་གཟིག་གི་སྡེར་མོ།
- དེ་མ་ཟད་དོམ་གྱི་སྣ།
- དེའི་འཕྲོ་ནས་ཕག་རྒོད་ཀྱི་མཆེ་བ།
- འབྲུག་གི་སྒོ་ང་།
- འདི་དག་ཐམས་ཅད་ལབ་ཙེ་དེའི་རྫས་ཀྱི་ནང་ལ།
- འདི་འདྲ་ཞིག་དགོས་པ་རེད།
- འདི་ས་ཁ་ནས་བསྟད་ན་ཆོག་གི
- ས་འོག་ནས་བསྟད་ན་ཆོག་གི
- འདི་བསྟད་དེ།
- ཕྱིན་ཆད་ཞིག་ལ་འདི་བསྟད་ཚར་བ་ནས་བཟུང་།
- ལབ་ཙེ་དེ་ཡང་བསྐྱར་ཞིག་གསོ་བྱེད་པ་འདྲ་བ།
- དེ་འདྲ་བྱེད་མི་དགོས་པ་ཞིག་རེད།
- དེ་བོན་པོའི་ལུགས་རེད།
- དེ་ད་སྐབས་ང་ཚོའི་བསྟོད་དགོས་ན་ཡང་དེ་རེད།
- སྔོན་ཆད་དེ་འདྲ་བསྟད་ཡོད་ན།
- དེ་ཕྱིར་ཞིག་གསོ་བྱེད་མཁན་ཡོད་ན།
- ཡང་དེ་ལྟར་བསྟད་ན།
- བོན་པོའི་ལུགས་ཀྱིས་བསྟད་ན་དེ་རེད།
- དེ་རེད།
- དེ་ཡིན་ན་བསྟོད་ཚུལ་གྱི་སྟེང་ནས་བཤད་ན།
- དེ་བསྟོད་སའི་ས་དེར་བལྟས་ཏེ།
- ས་མཁན་གྱིས་བལྟས་ཏེ།
- ས་ཡི་མིང་ཡག་པོ།
- དབྱིབས་ཡག་པོ།
- ས་ཆུ་འཛོམས་པ།
- དེ་འདྲའི་རི་མཐོན་པོ།
- དེའི་འཕྲོ་ནས་ཉག་ག་མཐོན་པོ།
- དེ་འདྲའི་གང་ལ་འགྲིག་གི་ས་མཁན་པ་ཡིས་བལྟ་དགོས།
- ས་མཁན་པ་ཡིས་བལྟས་ནས་ཡོང་ན་འདི་བཟང་གི་ཟེར་བ།
- དེང་མ་བཤད་པ་ལྟར།
- གླང་ཆེན་འཕྲེད་དུ་ཉལ་འདྲ་ཟེར་བ་ཞིག་བཤད་ཚུལ་ཡོད།
- དེ་ཡོད་ན་གླང་ཆེན་འཕྲེད་དུ་ཉལ་འདྲ་ཟེར་བ་དེར།
- གཏེར་བཙལ་དགོས་པ་རེད།
- གཏེར་བཙལ་དགོས་ན་ས་མཁན་པ་ཞིག་གིས།
- ཁོའི་རོགས་པ་ལ་ཁྱོད་སོང་སྟེ་ཞོལ་ནས།
- གླང་ཆེན་གྱི་ང་ཚོ་ཡིན་རྒྱུ་ན།
- ས་ཡི་དབྱིབས་ཀྱི་གླང་ཆེན་འདྲ་བ་ཞིག་ཡོད།
- ཁྱོད་སོང་སྟེ་དེ་ནས།
- ཁྱོད་སོང་ནས་གནམ་ལ་ལྡོངས་དང་ཁོས་བལྟ་ཟེར།
- དེ་ལྟར་བཤད་རྗེས་ཁོ་སོང་སྟེ་གནམ་ལ་ལྡིང་ནས།
- གཏན་ནས་འགུལ་རྒྱུ་མེད་པ་རེད།
- དེས་གཅིག་ཀྱང་མི་བྱེད་ཀི་ཟེར།
- དེ་འགུལ་རྒྱུ་འགུལ་བ་ལ།
- དེ་ནས་ཡང་ཁོ་ཡར་ཡོང་སྟེ།
- ཁོ་ཕྱིར་སོང་སྟེ།
- གླང་ཆེན་གྱི་ལོང་གི་ནང་དེ་ནས།
- ས་མཁན་པ་ཡི་གྲོགས་པོ་དེ་ཡར་སོང་སྟེ།
- གླིང་ཆེན་གྱི་སྤྱི་གཙུག་ནས།
- ཁྱོད་དེ་ནས་གནམ་ལ་ལྡོངས་ཟེར།
- དེ་ནས་གནམ་ལ་ལྡིང་དུས།
- གླིང་ཆེན་གྱི་ལོང་གི་ནང་ནས་འབུར་བཞིན་ཡོད།
- གཏེར་གྱི་སྒོ་དེ་ཡིན་པ་རེད།
- དེའི་མིང་ལ་དེ་ཟེར་བ་རེད།
- གླང་ཆེན་འཕྲེད་དུ་ཉལ་འདྲ་ཟེར་བ།
- དེ་འདྲའི་ལོང་གི་ནང་ན།
- གཏེར་དེར་བརྒྱབ་ན་ཆོག་པ་དང་།
- གཏེར་སྒོ་ཡིན་པས།
- གླང་ཆེན་སྟེང་ནས་ཡར་ལྡིང་ན་འབུར་བ་ནི་དེ་ལྟར་རེད།
- དེ་གཏེར་སྒོ་ཡིན་པས།
- དེའི་ལོང་གི་ནང་དེར་གཏེར་བརྒྱབ་པ་རེད།
- གཏེར་བརྒྱབ་པ་ན་ས་ཆ་ཡངས་ཁམས་དེར།
- ང་ཚོ་ཡིན་རྒྱུ་ན་འབད་པ་ལྷུན་གྲུབ་ལ།
- དངོས་གྲུབ་ཐམས་ཅད་གནང་བ་དང་།
- དེ་ལྟར་བཤད་པའི་རྒྱུ་མཚན་ངག་རྒྱུན་ན་བཤད་རྒྱུ་ཡོད།
- དེའི་འཕྲོ་ནས་དེ་ལྟར་ས་དེར་ལབ་ཙེ་བསྟོད་པ་དག་གིས།
- བྲག་དམར་པོ་འདྲ་བ་དེ་འདྲར་བལྟས་ནས་ཡོང་ན།
- བྲག་དམར་པོ་དེའི་མགོ་ཡག་པོ་རེད།
- དེ་ལྟར་ཟེར་བ་ཡང་ཡོད།
- དེ་ངེས་པར་དུ་རི་ཡག་པོ་གཅིག་པུ་ལས་མེད་པ་མ་རེད།
- ཆུ་ཡག་པོ་དང་།
- བྲག་ཡག་པོ་དང་།
- རི་ཡག་པོ་དེ་གང་ཡིན་ན།
- ས་མཁན་པ་ཡིས་བལྟས་ན་འགྲིག་པ་རེད།
- ཤེས་པ་རེད།
- ཤེས་ན་ངས་ཁྱོད་ལ་བཤད་པ་དེ་ཡང་།
- རི་ཡག་པོ་ཡིན་པ་རེད།
- རི་ཡག་པོ་ཞིག་གི་སྟེང་ན།
- རི་དེའི་མགོ་ན་གླང་ཆེན་འཕྲེད་དུ་ཉལ་འདྲ་ཟེར་བ་དང་།
- གླང་ཆེན་ཞིག་འདི་ལྟར་འཕྲེད་དུ་ཉལ་ནས་བསྡད་ཡོད་པ།
- དེ་འདྲའི་ས་བཤད་པ་ཡིས་བལྟས་ན་དེ་འདྲ་ཞིག་རེད།
- དེའི་འཕྲོ་ནས་ས་བཤད་པ་ཡིས་བལྟས་ན།
- བྲག་དམར་པོ་ཞིག་ཡོད་པ་རེད།
- བྲག་དམར་པོ་ཞིག་གི་ས་བཙལ་ན།
- ས་མཁན་པ་ཡིས་བལྟས་ནས།
- ལབ་ཙེ་ཞིག་གམ་དཔའ་མཁར་ཞིག་གི་ས་དགོས་ན།
- ས་མཁན་པ་ཡིས་བལྟས་ནས།
- འདི་ལྟར་བལྟས་ནས་ཡོང་ན།
- བྲག་དམར་པོ་དེའི་མགོ་ལེགས་པོ་རེད་ཟེར།
- དེ་ནས་བྲག་དམར་པོ་དེའི་མགོ་ལ།
- འཕྲོ་མ་དེར་མ་འཐད་པ་རེད།
- ས་མཁན་པ་ཡིས་བལྟས་ན།
- སྟག་དམར་པོ་ཐུར་དུ་འཆོངས་འདྲ་ཟེར་བ་རེད།
- སྟག་ཅིག་བྲག་དམར་པོ་ཞིག་གི་མགོ་ནས།
- མར་འཁོར་ཏེ་འདི་ལྟར་འཆོངས་བ་དང་འདྲ་བར།
- དེ་འདྲའི་ས་དབྱིབས་དེ་འདྲ་ཞིག་རེད།
- དེའི་མགོ་དེ་ནས་བསྟད་པ་རེད།
- དེ་ཡིན་ན་དེའི་མིང་ལ་དེ་ལྟར་ཟེར་བ་རེད།
- སྟག་དམར་པོ་ཐུར་དུ་འཆོངས་འདྲ་ཟེར་བ་རེད།
- ཡང་ལབ་ཙེ་དེ་ནས་བསྟད་པ་རེད།
- དེའི་སྟེང་དེ་ནས་ལབ་ཙེ་བསྟོད་ས་དེ།
- རང་བཞིན་གྱི་མིས་ཤེས་པ་མ་རེད།
- དེ་ས་མཁན་པ་ཡིས་བལྟས་ན།
- སའི་དབྱིབས་ལ་བལྟས་ཏེ་ས་བཙལ་བ་རེད།
- དེ་བས་དཔའ་མཁར་ཟེར་བ་ཞིག་ཡོད།
- ས་ཡི་རྒྱུ་མཚན་བཤད་པ་རེད།