Audio Overview
zhi bde Circle Song 1-4 This title corresponds to ID A0061 in the old Filemaker Pro database.
- ཡ་ལ་ཚེ་རིང་ལ་ཡ་ལ་སོ་ལ་འེ།
- ལ་གངས་སྟོད་གཅིག་མཐོན་པོ་ལ།
- གངས་སྟོད་དར་སེང་དཀར་མོ།
- མ་བཞུགས་དེ་རིང་ཆང་།
- ཆང་གཞས་ལ་ཕེབས།
- ལ་དར་སེང་ལ་དང་དཀར་མོ།
- མ་བཞུགས་དེ་རིང་ཆང་།
- ཆང་གཞས་ལ་ཕེབས།
- ཡ་ཚེ་རིང་ལ་ཡ་ལ་འ་སོ།
- ཡ་གསེར་ཆེན་གྱི་ཉ་ལ་མོ།
- གསེར་ཆེན་ཉ་ཆུང་གསེར་མིག།
- མ་བཞུགས་དེ་རིང་ཆང་།
- ཆང་གཞས་ལ་ཕེབས།
- ལ་ཉ་ཆུང་ལ་དང་གསེར་མིག།
- མ་བཞུགས་དེ་རིང་ཆང་།
- ཆང་གཞས་ལ་ཕེབས།
- ཡ་ཚེ་རིང་ཡ་ལ་འ་སོ།
- བྲག་སྟོད་ཀྱི་མཐོན་ལ་པོ།
- བྲག་སྟོད་བྱ་རྒྱལ་རྒོད་པོ།
- མ་བཞུགས་དེ་རིང་ཆང་།
- ཆང་གཞས་ལ་ཕེབས།
- ལ་བྱ་རྒྱལ་ལ་དང་རྒོད་པོ།
- མ་བཞུགས་དེ་རིང་ཆང་།
- ཆང་གཞས་ལ་ཕེབས།
- ཡ་ཚེ་རིང་མ་ཡ་ལ་འ་སོ།
- ལ་སྤང་སྟོད་ཀྱི་མཐོན་ལ་པོ།
- ཡ་སྤང་སྟོད་ཤ་བ་རག་ཆུང་།
- མ་བཞུགས་དེ་རིང་ཆང་།
- ཆང་གཞས་ལ་ཕེབས།
- ལ་ཤ་བ་ལ་དང་རག་ཆུང།
- མ་བཞུགས་དེ་རིང་ཆང་།
- ཆང་གཞས་ལ་ཕེབས།