Skip to main content Skip to search
15 Dec 2011
2 min 59 sec
Rating
0
No votes yet
Audio Overview
Creators: 
Unknown

"Norzang" in the title seems to be a reference to a famous king.

Show More

  • གཙང་གི་ཆང་གཞས་སྐྱིད་པའི་ནོར་བཟང་ལགས།
  • ལགས་ཞུས་པའི་སྐྱིད་པའི་ནོར་བཟང་ལགས། བདག་ལ་གསན་དང་། གསེར་གྱི་ཅོག་ཙེའི་སྟེང་ལ་གཡུ་ཡི་ནེ་ཙོ་བབ་བྱུང་སྐྱིད་པའི་ནོར་བཟང་ལགས། གསེར་གྱི་ཅོག་ཙེའི་སྟེང་ལ་གཡུ་ཡི་ནེ་ཙོ་བབ་བྱུང་སྐྱིད་པའི་ནོར་བཟང་ལགས། 
  • ལགས་ཞུས་པའི་སྐྱིད་པའི་ནོར་བཟང་ལགས། བདག་ལ་གསན་དང་། རྒས་བུ་ང་ཡིས་གཞས་ཅིག་བཏང་པས་ལྷ་ཀླུ་གཞི་བདག་དགྱེས་སོང་སྐྱིད་པའི་ནོར་བཟང་ལགས། ཡང་བསྐྱར་བདག་ལ་གསན་དང་། རྒས་བུ་ང་ཡི་གཞས་ཅིག་བཏང་པས་ལྷ་ཀླུ་གཞི་བདག་དགྱེས་སོང་སྐྱིད་པའི་ནོར་བཟང་ལགས།
  • ལགས་ཞུས་པའི་སྐྱིད་པའི་ནོར་བཟང་ལགས། བདག་ལ་གསན་དང་། མེ་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ་ཚེ་ལ་བར་ཆད་མ་གཏོང་སྐྱིད་པའི་ནོར་བཟང་ལགས། ཡང་བསྐྱར་བདག་ལ་གསན་དང་རི་བོ་ཡར་གིའི་ས་རྡོ་ཡིན་ཟེར་དབུ་ཡིས་འཇོག་འཇོག་གནང་གིས། སྐྱིད་པའི་ནོར་བཟང་ལགས། རི་བོ་ཡར་གའི་ས་རྡོ་ཡིན་ཟེར་དབུ་ཡིས་འཇོག་འཇོག་གནང་གིས་སྐྱིད་པའི་ནོར་བཟང་ལགས།