Skip to main content Skip to search
14 Feb 2017
4 min 52 sec
Audio Overview
Creators: 
Yeshi Wangchuk, Penchela, Karma

This song Jangchog khawa chengi zhingkhamna sung by Wangmo from Chubar village under Paro district is a Old Boedra song. The song is a laudatory song for King and the Buddha which constitute of impressing for their fabulous deed. The lyrics of the song describes that setting of the song land was in the paradise of northern Khawachen, where the powerful king stands on the golden throne. On other part of lyrics, it explains about the existence of Lord Buddha, whom people seek refuge prostration and offerings. Thus, in return the Buddha empowered with blessings for the welfare of the sentient beings. 

རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྤེལ་ཁང་ནང་སྦེ་ འབྲུག་པའི་རང་ལུགས་ཀྱི་ གླུ་གཞས་ལུ་མཁས་པ་ཚུའི་བར་ན་ མཁས་པའི་གྲོས་འཛོམས་འཚོགས་པའི་སྐབས་ སྤ་རོ་རྫོང་ཁག་ ཆུ་བར་གཡུས་ཚན་ལས་ དབང་མོ་གིས་ བོད་སྒྲའི་གླུ་གཞས་ བྱང་ཕྱོགས་ཁ་བ་ཅན་གྱི་ཞིང་ཁམས་ནང་ཟེར་མི་འདི་འཐེནམ་ཨིན་པས། གླུ་གཞས་འདི་ནང་ རྒྱལཔོ་དང་ སངས་རྒྱས་ཀྱིས་ ཡ་མཚན་ཆེ་ཏོག་ཏོ་གི ་ཕྱག་ལཱ་མཛད་མི་ལུ་ བསྟོད་བསྔགས་ཕུལ་ཨིནམ་ད་ གླུ་གཞས་ཀྱི་ཚིག་འདི་ནང་ བྱང་ཕྱོགས་ཁ་བ་ཅན་གྱི་ཞིང་ཁམས་ནང་ སྟུབས་ཤུགས་ཅན་གྱི་རྒྱལཔོ་འདི་ གསེར་ཁྲི་གུ་བཞུགས་ཡོདཔ་དང་ ཚིག་གཞན་མི་འདི་ནང་ སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ མི་ཚུ་གིས་མཆོད་ཕུལ་་ སངས་རྒྱས་ལུ་ ཕྱག་འཚལ་མཆོདཔ་ཕུལ་བའི་ སྐོར་ལས་ཨིན་པས།

Transcript search
No results found for this search
0 of 0
  • དབང་མོ་
    སོ་ཡ་ལ། བྱང་ཕྱོགས་ཁ་བ་ཅན་གྱི་ཞིང་ཁམས་ནང་ལ། །དཔལ་ཆེན་འཁོར་ལོ་འཛོམས་པའི་གདན་ས་ཆགས། །གདན་ས་ཆགས།
  • དབང་མོ་
    སོ་ཡ་ལ། གདན་ས་[འོག་མོ་?]ནི་གི་ཕོ་བྲང་ནང་ལ། །རྒྱལ་བའི་དབང་པོ་གསེར་གྱི་ཁྲི་ལ་བཞུགས། །ཁྲི་ལ་བཞུགས།
  • དབང་མོ་
    སོ་ཡ་ལ། བསམ་བཞིན་སྐྱེ་བ་བཞེས་པའི་སངས་རྒྱས་ཉིད་ལ། །འགྲོ་རྣམས་ཐར་པར་འདྲེན་པའི་[བཏིང་པའི་ལམ། །བཏིང་པའི་ལམ།?]
  • དབང་མོ་
    སོ་ཡ་ལ། ཕྱག་དང་མཆོད་པ་ཕུལ་ན་ནི་ལུ་ཕུལ་ལ། །དབང་དང་དངོས་གྲུབ་ཞུ་ན་ནི་ལས་ཞུ། །ནི་ལས་ཞུ།
  • དབང་མོ་
    སོ་ཡ་ལ། [དགེ་བཤེས་?]མཛད་འཕྲིན་སྙན་གྲགས་འཛམ་གླིང་ཁྱབ་ལ། །རིག་པའི་རྡོ་རྗེ་ཞབས་བརྟན་(ཞབས་པད་)བརྟན་པར་ཤོག །བརྟན་པར་ཤོག། །།