05 Aug 2019
20 min 56 sec
Audio Overview
Creators:
Tashi Gyel
མཆོད་པ་བཤམ་ཚུལ་ངོ་སྤྲོད་བྱས་ཡོད།
介绍了祭祀的展示方法。
This speech explains how offerings are made.
ལོ་ལོན་རྣམས་ཀྱིས་བཤད་པ་ལྟར་ན་མཆོད་པ་ལ་ཡང་ནང་དོན་དང་དེར་བཤམ་ཚུལ་ཡོད་མོད་གཞོན་རབས་པ་རྣམས་ཀྱིས་དེ་ཤེས་ཀྱིན་མི་འདུག་ཟེར། དེར་དམིགས་ཏེ་ལོ་ལོན་ཁོ་བས་མཆོད་པ་ཡི་མཚོན་དོན་དང་མཆོད་པ་བཤམ་ཚུལ་ངོ་སྤྲོད་བྱས་ཡོད།
据老人们而言,祭祀根据不同的供奉对象,其展示方法也不一。 然而,如今的年轻人却不了解这些。因此,影片中的这位老人特地介绍了祭祀的意义及其展示方法。
- འོད་སྲུང་།མཆོད་པ་ཡི་རིམ་པ་དེ་བཤད་ན།
- མཆོད་པ་ལ་རིམ་པ་མང་བ་རེད།
- རིམ་པ་མང་ན་བཤད་ནི་ཞིག་ཡིན་རྒྱུ་ན།
- བླ་མ་ཡི་མཆོད་པ་ཡོད་པ་རེད།
- བླ་མར་བླ་མའི་མཆོད་པ་ཡོད་པ་རེད།
- དེའི་འཕྲོ་ནས་ཡི་དམ་ལ་ཡི་དམ་གྱི་མཆོད་པ་ཡོད་པ་རེད།
- ཡི་དམ་ལ་ཡི་དམ་གྱི་མཆོད་པ་ཡོད་པ་རེད་ཟེར་ན།
- བླ་མར་བླ་མའི་མཆོད་པ་ཡོད་པ་རེད་ཟེར་ན།
- དེ་རེ་རེ་ལ་མཆོད་པ་ཕུལ་ན།
- བླ་མ་ཡི་མཆོད་པ་འབུལ་ཚུལ་དང་།
- ཡི་དམ་གྱི་མཆོད་པ་འབུལ་ཚུལ།
- དེ་དཔེ་འཇོག་རྒྱུ་ན་འདྲ་བ་མ་རེད།
- མི་འདྲ་ན་བླ་མ་ཡི་མཆོད་པ་ཟེར་བ་འདི་རེད།
- ཆུ་མཆོད་རྒྱ་ཆེན་པོ་འབུལ་བ་འདི་ནི།
- ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་ཆུ།
- འདི་ཐེབ་ཙེའི་ནང་དུ།
- སྟོང་གི་ནང་དུ་འབུལ་དགོས་ན།
- ཁྲི་ཡི་ནང་དུ་འབུལ་དགོས་ན་འབུལ་བཞིན་པ་འདི།
- སྐུ་ཕྱོགས་གསེར་རྐང་རིན་པོ་ཆེ་ཡི།
- སྐུ་དུས་སུ་འདི་བཞེངས་པ་ཡིན་ཟེར།
- འདི་ལྟར་འབུལ་བ་འདི་འདྲ་ཞིག་རེད་ཟེར།
- སྲོལ་རྒྱུན་འདྲ་བ་དེ་འདྲ་ཞིག་རེད་ཟེར།
- དེ་ཡིན་ན་རང་བཞིན་གྱི་མཆོད་པ།
- བླ་མ་རྒྱལ་བ་བློ་བཟང་གྲགས་པ།
- རྒྱལ་བ་བློ་བཟང་གྲགས་པའི་མཆོད་པ་འབུལ་བ་ཡང་དེ་རེད།
- ཁོང་ཚང་ལ་འབུལ་ན་ལྷ་ཕྱེ་རེད།
- ལྷ་ཕྱེ་ལ་སྟོང་མཆོད་འབུལ་བ་དང་བརྒྱ་མཆོད་འབུལ་བ།
- དེ་སྣ་ཚོགས་འབུལ་བ་མང་བ་རེད།
- མང་ན་དངོས་བཤམས་ཡིད་སྤྲུལ་མཆོད་སྤྲུལ་རྒྱ་མཚོ་འདི་ཟེར་བ་རེད།
- དེ་ལྟར་བཤད་ན།
- དངོས་བཤམས་ཡིད་སྤྲུལ་མཆོད་སྤྲུལ་རྒྱ་མཚོ་ཟེར་བ་འདི་ཅི་རེད་ཟེར་ན།
- ངོ་མས་བཤམས་པས་དངོས་བཤམས་ཟེར་བ་རེད།
- ཡིད་སྤྲུལ་ཟེར་བ་ནི་ཡིད་ནས་སྤྲུལ་བའི་མཆོད་པ།
- དེ་ལྟར་དངོས་བཤམས་ཡིད་སྤྲུལ་མཆོད་སྤྲུལ་རྒྱ་མཚོ་འདི་ཟེར་བ་རེད།
- དེ་ཡིན་ན་དངོས་བཤམས་ཟེར་བ་ནི།
- ངོ་མས་མཆོད་པ་བཤམས་པ་དེ་ཟེར་བ་རེད།
- ཡིད་སྤྲུལ་ཟེར་བ་ནི་ཡིད་ནས་སྤྲུལ་བ།
- ཁྱོད་ཀྱིས་སྟོང་མཆོད་བརྒྱ་མཆོད་ཅི་ཞིག་འབུལ་ན།
- ཡིད་ནས་སྤྲུལ་བའི་མཆོད་པ་དེའི་མིང་ལ།
- དངོས་བཤམས་ཡིད་སྤྲུལ་མཆོད་སྤྲུལ་རྒྱ་མཚོ་འདི།
- བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ་ཟེར་བ་རེད།
- ངོ་མས་དངོས་བཤམས་ཀྱིས།
- ངོ་མས་ཡར་འབུལ་བ་ཡོད་པ་རེད།
- དེ་ངོ་མ་རེད།
- ངོ་མ་ཡང་མ་རེད།
- ཡིད་ནས་སྤྲུལ་ཏེ།
- རང་ཉིད་ཀྱི་དམིགས་པའི་སྟེང་ནས་བསྡད་དེ།
- མཆོད་པ་མཆོད་མེ་འདི་འདྲ་བཤམས་པ་དེའི་མིང་ལ།
- ཡིད་སྤྲུལ་ཟེར་བ་རེད།
- དེ་བས་དངོས་བཤམས་ཡིད་སྤྲུལ་མཆོད་སྤྲུལ་རྒྱ་མཚོ་འདི།
- ཡིད་ནས་སྤྲུལ་ན།
- ངོ་མས་འབུལ་ན།
- ཡིད་ནས་བསམ་པའི་སྟེང་ནས་འབུལ་ཐུབ་ན།
- དངོས་བཤམས་ཡིན་པ་རེད།
- ཡིད་སྤྲུལ་ཅི་ཞིག་ཡིན་ན་མཆོད་པ་ཡིན་རེད།
- དངོས་བཤམས་ཡིད་སྤྲུལ་མཆོད་སྤྲུལ་རྒྱ་མཚོ་འདི།
- བསོད་ནམས་ཀྱི་ཞིང་གི་མཆོག
- བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ།
- བསོད་ནམས་ཀྱི་ཞིང་གི་མཆོག་ལ།
- ཡར་དེ་འབུལ་དགོས་པ་རེད།
- དེ་ཡིན་ན་རྒྱལ་བ་བློ་བཟང་གྲགས་པ་ཡི།
- མཆོད་པ་ཟེར་བ་ཅི་ཞིག་རེད།
- ལྷ་ཕྱེ་མང་པོ་ལས་ཏེ།
- མཆོད་མེ་མང་པོ་བཞག་སྟེ།
- དེར་མ་ཟད་ཆུ་མཆོད་མང་པོ་འབུལ་བ་དང་།
- ཆུ་མཆོད་འདི་ཡིན་ན་ཡང་ཡན་ལག་བརྒྱད་ལྡན་གྱི་ཆུ།
- ཆུ་གཙང་མ་འདི་འདྲ་རེད།
- དེ་རེད།
- དེ་ཡིན་ན་མཆོད་པ་ཡི་རྒྱུ་མཚན།
- གཞན་གཏོར་མ་མ་ལས་ནའང་ཆོག་པ་རེད།
- ཡི་དམ་ཡིན་རྒྱུ་ན།
- ཡི་དམ་ཡིན་རྒྱུ་ན།
- ཡི་དམ་གྱི་གཙོ་བོ་ཡི་དམ་རྡོ་རྗེ་འཇིགས་བྱེད་རེད།
- ཡི་དམ་རྡོ་རྗེ་འཇིགས་བྱེད་ཡིན་ན།
- དེར་གཏོར་མ་ལས་དགོས་པ་རེད།
- གཏོར་མ་ལས་དགོས་ན།
- ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མ་ལས་ཏེ།
- དེའི་གཏོར་མ་ངས་འདི་ལྟར་བཤད་ན་མ་རེད།
- ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མ་ལས་ཏེ།
- གཏོར་མ་ལ་ནང་གཏོར་ཞིག་དང་ཕྱི་གཏོར་གཉིས་ཡོད་པ་རེད།
- ནང་གཏོར་དེ་ནང་ན་ཡོད་པ་རེད།
- གཅིག་གིས་ཀྱང་མ་རིག་ན་ཆོག་པ་རེད།
- ཕྱི་གཏོར་ཟེར་བ་ཕྱི་ན་མཆོད་པ་ཕུལ་ཡོད་པ་རེད།
- མཆོད་པ་ཡི་སྟེང་ན།
- ཕྱི་གཏོར་ཟེར་བ་དེ་ན་ཡོད་པ་རེད།
- ནང་གཏོར་ནང་ན་ཡོད་པ་རེད།
- ནང་གཏོར་གྱི་ནང་ན་ནང་མཆོད་ཟེར་བ་ཞིག་ཡོད་པ་རེད།
- ནང་མཆོད་ཟེར་བ་དེ་དེང་སང་།
- ཚོང་ར་ན་བཙོང་རྒྱུ་ཡོད་པ་རེད།
- ཀ་བ་ལི་ཟེར་བ་རེད།
- ནང་མཆོད་ཟེར་བ་རེད།
- དེ་སོང་ན་ཁྱོད་ཚོས་རིག་པ་རེད།
- གདན་འདྲ་བ་ཟུར་གསུམ་ཞིག་གི་སྟེང་ན།
- ཟུར་གསུམ་ཞིག་གི་སྟེང་ན།
- གྲུ་ག་གསུམ་ན་མི་མགོ་གསུམ་ཡོད་པ་རེད།
- དེའི་སྟེང་དུ་བ་མ་འདྲ་བ།
- བ་མའི་ཚུགས་ཀ་འདྲ་བ་དེ་འདྲ་ཞིག་བཞག་ཡོད།
- དེའི་ཁ་ལེབ་ཀྱི་སྟེང་དུ་རྡོ་རྗེ་བཏགས་ཡོད།
- དེའི་མིང་ལ་ཀ་བ་ལི་ཟེར་བ་རེད།
- འདི་གཏོར་མ་ལས་ནང་ན་ཡོད་པའི་གཏོར་མའི་གྲལ་རེད།
- དེའི་གྲལ་དེའི་མིང་ལ་ནང་གཏོར་ཟེར་བ་རེད།
- འདི་ན་ཡོད་པ་ལ་ཕྱི་གཏོར་ཟེར་བ་རེད།
- དེ་ཡིན་ན་གཏོར་མ་ཡིན་ན་འཇིགས་བྱེད་ཡིན་ན་དེ་རེད།
- འདི་ནས་ཆུ་ཞིག་བླུགས།
- ཡང་ཆུ་ཞིག་བླུགས།
- འདི་ནས་གྲོ་ཞིག་བཞག
- འདི་ནས་མཆོད་མེ་ཞིག་བཞག
- འདི་ནས་ཆུ་ཞིག་བླུགས།
- འདི་ནས་ལྷ་ཕྱེ་ཞིག་བཞག
- འདི་ནས་ཆོས་གཉན་བཟང་པོ་ཞིག་བཞག་པ་དེ་རེད།
- མཆོད་པ་དེ་ཚོའི་མིང་ལ།
- ཨ་དགུན་བ་བདུན་ག་དེ་བུ་སྤོས་དེ་བ།
- ཨ་ལོ་གོས་ག་དེ་ནེ་ཝལ་ཏེ་ཤ་ཏ།
- དེ་ཚོ་རེད།
- ཤ་ཏ་ཟེར་བ་ནི་སྒྲ་སྙན་རྡུང་བ་དེ་རེད།
- དེ་ཡིན་ན་དེའི་མཆོད་པ་དེ་རེད།
- དེའི་མཆོད་པ་དེ་འཕྲོ་མ་གཞན་པ།
- དཔེ་འཇོག་རྒྱུ་ན་སྨན་བླ་འདྲ་བ་དང་།
- ཡི་དམ་གཞན་པ་འདྲ་བ་དེ་ཡིན་ན།
- དེ་ཡང་མཆོད་པ་འབུལ་ཕྱོགས་འདྲ་བ་མ་རེད།
- སྨན་བླ་ཡིན་ན།
- སངས་རྒྱས་སྨན་བླ་ལ་བདེ་བའི་ཕྱོགས་པ་བརྒྱད་ཡོད་པ་རེད།
- བདེ་བའི་ཕྱོགས་པ་བརྒྱད་པོར་གཏོར་མ་ལས་ཚུལ་ཡོད་པ་རེད།
- གཏོར་མ་དེ་ལས་ཏེ།
- དེ་འཇིགས་བྱེད་ཀྱི་དེ་ལྟར།
- གཏོར་སྒམ་ནང་དུ་བཞག་ནས་དེ་ལྟར་བྱེད་དགོས་པ་མ་རེད།
- ཕྱི་ནས་ནང་དུ་གྲོ་འབྲུ་ཟན་བཏང་སྟེ།
- སྨན་བླ་བདེ་ཕྱོགས་བརྒྱད་པོ་ཡི་གཏོར་མ་འདི་ལྟར།
- དེའི་སྔུན་ནས་མཆོད་པ་འབུལ་བ་རེད།
- མཆོད་པ་འབུལ་ན་དེ་ནི།
- ཨ་དགུན་བ་བདུན་བུ་སྤོས་བདེ་བ་ཨ་ལོ་གོས་ག་དེ་ནེ་ཝལ་ཏེ་ཤ་ཏ་དེ་རེད།
- འཇིགས་བྱེད་ཀྱི་དེ་གཅིག་གིས་མང་བ་རེད།
- སྨན་བླ་ཡི་དེ་གཅིག་གིས་ཉུང་བ་རེད།
- དེ་ཡིན་ན་འཇིགས་བྱེད་ཡིན་ན།
- མཆོད་པ་གསུམ་དགོས་པ་རེད།
- མཆོད་པ་གསུམ་དགོས་དོན་ཅི་རེད་ཟེར་ན།
- རང་ཉིད་སྐད་ཅིག་གི་དཔལ་ཡོན་རྡོ་རྗེ་འཇིགས་བྱེད་ཟེར་ན།
- རང་ལ་དཔེ་བཞག་སྟེ་མཆོད་པ་འབུལ་བའི་མི་དེ།
- ཁོ་འཇིགས་བྱེད་ལ་བསྐྱེད་དགོས།
- འཇིགས་བྱེད་ལ་བསྐྱེད་ན།
- འཇིགས་བྱེད་ལ་མཆོད་པ་འབུལ་ན།
- འདི་ན་འཇིགས་བྱེད་ཀྱི་མཆོད་པ་གཉིས་ཡོད་པ་རེད།
- འཇིགས་བྱེད་ལ་མཆོད་པ་གཉིས་ཡོད་པ་རེད།
- འདི་ན་མི་རང་ཉིད་ལ་མཆོད་པ་ཞིག་ཡོད།
- བདག་སྐྱེད་ཟེར་བ་རེད།
- འདིའི་མིང་ལ་བདག་སྐྱེད།
- འདི་གཉིས་ཀྱི་མིང་ལ་མདུན་སྐྱེད་ཟེར་བ་རེད།
- མདུན་སྐྱེད་ཟེར་བ་ནི།
- དཔལ་རྡོ་རྗེ་འཇིགས་བྱེད་ཁོང་ཚང་གི་མཆོད་པ་རེད།
- འདི་ནས་འབུལ་བ་ནི་བདག་སྐྱེད་ཡིན།
- འདོན་པའི་མི་ཁོང་གི་མཆོད་པ་རེད།
- དེ་ཡིན་ན་འདོན་ཚུལ་ཅི་རེད།
- རང་ཉིད་སྐད་ཅིག་གི
- དཔལ་ལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཟེར་བ།
- རང་ཉིད་ཟེར་བ་རང་རེད།
- འདིའི་སྟེང་ནས་མཆོད་པ་འབུལ་ཚུལ་འདི་འདྲ་རེད།
- སྨན་བླ་ཡིན་ན་དེ་འདྲ་ཡིན་པ་མ་རེད།
- སྨན་བླའི་མཆོད་གཟུང་ཟེར་བ་འདོན་རྒྱུ་ཞིག་ཡོད།
- མཆོད་གཟུངས་དེ་བཏོན་ན།
- མཆོད་ཡོན་དང་ཤུག་པ།
- མེ་ཏོག་དང་བདུག་སྤོས།
- མར་མེ་དང་ཞལ་ཟས།
- རི་བེེཌྻ་སོགས་ཡིན།
- བདུན་པོ་དེ་དགོས་པ་རེད།
- དེ་ཡིན་ན་སྨན་བླ་ཡི་མཆོད་པ་ཡིན་ན་དེ་རེད།
- དེའི་འཕྲོ་ནས་བསང་འདུས།
- ང་ཚོ་ཡིན་རྒྱུ་ན་བདེ་མཆོག་དེ་ཚང་མའི་མཆོད་པ་འདྲ་བ་མ་རེད།
- ལྷ་རེ་རེ་དང་ཡི་དམ་རེ་རེ་ལ་གཅིག་རེ་ཡོད་པ་རེད།
- དེ་ཡིན་ན་གཏོར་མ་ཡིན་ན་ཡང་།
- གཏོར་སྐལ་དེ་ལས་ཚུལ་མི་འདྲ་བ་རེ་ཡོད་པ་རེད།
- མི་འདྲ་བ་རེ་ཡོད་པ་རེད།
- དེ་མ་གཏོགས་འཇིག་རྟེན་པ།
- ཡུལ་ལྷ་གཞི་བདག
- གཞི་བདག་གི་གྲལ་ཡིན་འདུག་མི་ཤེས་མོད།
- གང་ལྟར་ཀྱང་འཇིག་རྟེན་པ་རེད།
- ཨ་མྱེས་དམ་ཆེན།
- ཨ་མྱེས་དམ་ཆེན་ལ་མཚོན་ན།
- ཁོ་འཇིག་རྟེན་པ་ཡིན་མིན་མི་ཤེས་མོད།
- སྐྱབས་གནས་ཀྱི་ཆོས་སྐྱོང་ཉན་ནི་མ་རེད།
- ཁོང་ལ་ཨོ་རྒྱན་རིན་པོ་ཆེ།
- སློབ་དཔོན་པདྨ་འབྱུང་གནས་ཀྱིས་དགེ་བསྙེན་སྒྲུབ་ཡོད་པ་རེད།
- ཨ་མྱེས་དམ་ཆེན་ལ།
- ཨོ་རྒྱན་རིན་པོ་ཆེ་ཡིས་དགེ་བསྙེན་སྒྲུབ་ཡོད་པ་རེད།
- ཁོང་གི་གོ་ས་མཐོ་བ་རེད།
- གནམ་ས་ཕྱེད་ཀྱི་བདག་པོ་ཟེར་བ་ལྟར།
- ཁོང་ལ་གོ་ས་ཅུང་མཐོ་བ་རེད།
- དེའི་འཕྲོ་ནས་ཁོང་ལ་གཏོར་མ་ཞིག་ལས་རྒྱུ་ན།
- དམ་ཆེན་ལྷ་ལྔ་ཟེར་བ་རེད།
- ཁོང་ལ་ལྷ་ལྔ་ཡོད་པ་རེད།
- ལྷ་ལྔ་ཡོད་ན།
- དམ་ཆེན་གྱི་ལྷ་ལྔ་བོའི་གཏོར་མ་ཅི་འདྲ་ཞིག་རེད་ཟེར་ན།
- གྲུ་བཞི་འདི་འདྲ་ཞིག་ལས་ཏེ།
- འདི་འདྲ་ཞིག་ལས་ཏེ།
- དེའི་སྟེང་དུ་བང་རིམ་འདི་འདྲ་ཞིག་བཞག
- དེའི་སྟེང་ན་དམ་ཆེན་ལྷ་ལྔ་བོ་ཡི།
- གཏོར་མ་ངོ་ལེབ་ཟེར་བ་ཞིག་ཡོད།
- དེ་འདི་ནས་གཅིག་དང་འདི་ནས་གཅིག
- འདི་ནས་གཅིག་དང་འདི་ནས་གཅིག
- འདི་ནས་གཅིག
- ལྔ་བོ་དེ་ལྟར་བཞག་ཡོད།
- དེའི་མིང་ལ་དམ་ཆེན་ལྷ་ལྔ་ཟེར་བ་རེད།