05 Aug 2019
1 hr 4 min 44 sec
Audio Overview
Creators:
Tashi Gyel
བསང་མཆོད་སྤྱི་དང་སྒོས་སུ་གཅན་ཚའི་བསང་མཆོད་ངོ་སྤྲོད།
针对火供的总体介绍,特别介绍了尖扎地区的火供。
This speech introduces a general fire offering, especially the offering of incense in Chentsa.
ས་གནས་སོ་སོའི་བསང་མཆོད་ཅུང་མི་འདྲ་སྟེ། འདིར་དང་པོ་སྟོད་མངའ་རིས་སྐོར་གསུམ་ལ་བསང་མཆོད་བྱེད་པ་དང་དེ་ནས་བར་དབུས་གཙང་རུ་བཞི་ལ་བསང་མཆོད་བྱེད་པ། དེ་ནས་རིམ་བཞིན་སྨད་མདོ་ཁམས་སྒང་དྲུག་ལ་བསང་མཆོད་བྱས་རྗེས་བྱེ་བྲག་ས་གནས་གྱི་གནས་རི་དང་ཡུལ་ལྷ་གཞི་བདག་ལ་བསང་མཆོད་བྱེད་སྟངས་ཡོངས་སུ་བརྗོད་ཡོད།
每个地方的火供方式略有不同。而在尖扎地区,首先为阿里山做火供,其次,供养中藏四山。紧接着,供养麦多康六岗,特别是各地区的山神和地方保护神等。
- འོད་སྲུང་།མཆོད་མ་ཨ་ཧཱུཾ།
- མཆོད་མ་ཨ་ཧཱུཾ།
- མཆོད་མ་ཨ་ཧཱུཾ།
- མཆོད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས།
- དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ།
- ཡུལ་ལྷ་གཞི་བདག
- སྟོན་པ་ཤཱཀྱ་ཐུབ་པ།
- གནས་ཨ་མྱེས་སྟོད་ལྷ་ཆེན་ཚངས་བ་དཀར་པོ།
- གནས་ཨ་ནེ་གོང་མ་རྒྱལ་པོ།
- འཛམ་གླིང་སང་ཆེན་རྒྱལ་པོ།
- གཏམ་མཆོག་རྐྱང་མགོན་རལ་པ།
- སའི་ལྷ་མོ་བརྟན་མ་བཅུ་གཉིས།
- ཁྱེད་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- དེའི་འཕྲོ་ནས་རྒྱལ་བ་ཤཱཀྱ་ཐུབ་པ།
- འཛམ་གླིང་རྒྱན་དྲུག་མཆོག་གཉིས།
- རྒྱ་གར་དྲི་ཆེན་བརྒྱད་ཅུ།
- ཁྱེད་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- དེའི་འཕྲོ་ནས་སངས་རྒྱས་བསྟན་པའི་བདག་པོ།
- རྒྱལ་བ་བློ་བཟང་གྲགས་པ།
- ཨོ་རྒྱན་པདྨ་འབྱུང་གནས།
- རྒྱལ་བ་པན་ཆེན་རྣམ་གཉིས།
- དྲིན་ཆེན་རྩ་བའི་བླ་མ་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- ཕ་རྒྱུད་གསང་བ་འདུས་པ།
- མ་རྒྱུད་འཁོར་ལོ་ལྡེམ་མཆོག
- མི་ལྡང་རྡོ་རྗེ་འཇིགས་བྱེད།
- དཔལ་ལྡན་དུས་ཀྱི་འཁོར་ལོ།
- ཡི་དམ་གྱི་ལྷ་ཁྱད་པར་ཅན་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- དེའི་འཕྲོ་ནས་བཅོམ་ལྡན་རྟ་མཆོག་རིལ་བ།
- བཅོམ་ལྡན་རྡོ་རྗེ་ཕུར་བའི་ལྷ་ཚོགས།
- རྡོ་རྗེ་གུ་རུ་གྲགས་པོ།
- རིག་འཛིན་པདྨ་འབྱུང་གནས།
- འདིའི་སྟེང་འདི་ནས་རིག་འཛིན་གི་ལྷ་ཁྱད་པར་ཅན་རྣམས་ཀྱི།
- ཞལ་ཡང་མཆོད་པ་ཨ་ཧཱུཾ།
- དེའི་འཕྲོ་ནས་ཉིན་མོར་ཉི་ཤར་གྱི་མགོན་པོ།
- དམ་ཆེན་ཆོས་ཀྱི་རྒྱལ་བོ།
- དཔལ་ལྡན་དམག་གཞོན་གྱི་རྒྱལ་མོ།
- ཕྱི་ནང་གསང་གསུམ།
- གནོད་སྦྱིན་ཆེན་པོ་ཆེ་གྲ་བ་ལ།
- གསང་རས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ།
- གནོད་སྦྱིན་ཆེན་པོ་ཆེ་གྲ་བ་ལ།
- མ་གཅིག་འཛུམ་ལ་མི་དྲ།
- ཕྱི་རྗེ་བྲག་གི་ར་དྲ།
- བདུད་མགོན་བྲག་ཤེད་ནག་པོ།
- གཙང་རས་ཀྱི་མགོན་པོ་བདུན་བཅུ་རྩ་ལྔ།
- ཁྱེད་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- མ་གཅིག་དཔལ་ལྡན་ལྷ་མོ།
- སའི་ལྷ་མོ་བསྟན་མ་བཅུ་གཉིས།
- བྱང་ཤར་མར་གྱི་སྟེང་གི
- རྒྱ་མཚོ་ཆེན་པོའི་ནང་གི
- དེའི་རྐྱང་ཤེད་རབ་གཅོད་པའི།
- མ་གཅིག་དཔལ་ལྡན་ལྷ་མོ།
- ཁྱེད་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- ས་བཅུ་བ་ཐོབ་པའི་སངས་རྒྱས་ཨ་མྱེས་དམར་ཆེན།
- མར་འཁོར་སྟོང་དང་ལྔ་བརྒྱ།
- མ་རིག་སུམ་བརྒྱ་དྲུག་བཅུ།
- རྒྱུད་པ་ཐོབ་པའི་སྲིན་པོ།
- ཁྱེད་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- གཉེན་ཆེན་པོ་སྡེབས་བཞི།
- ཉི་མ་ལྷོ་ཕྱོགས་ན་བཞུགས་པ།
- གཉེན་ཆེན་པོ་སྡེབས་བཞི།
- གཉེན་ཆེན་ཧོར་བ་ནག་པོ།
- གཉེན་ཆེན་སུག་པ་བཤའ་རྒྱུ།
- གཉེན་ཆེན་སྔོ་ལ་ཡར་བལྟས།
- གཉེན་ཆེན་འབའ་འབའ་ལུ་གུ།
- ཁྱེད་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- སྲིན་པོ་དོན་འགྲུབ་དཔལ་ལྡན།
- སྲིན་པོ་དགྲ་འདུལ་དབང་ཕྱུག
- སྲིན་པོ་པདྨ་དབང་རྒྱལ།
- ཁོ་མི་ནག་རྟ་ནག་བཅུ་གསུམ།
- ཤར་ཕྱོགས་ན་མི་དཀར་རྟ་དཀར།
- རྫ་དཀར་པོ་མཐོན་པོ།
- ལྷོ་ཕྱོགས་ན་མི་སེར་རྟ་སེར།
- ལོ་བའི་ཨ་མྱེས་སེར་ཅན།
- ནུབ་ཕྱོགས་ན་མི་ནག་རྟ་ནག
- འཁོར་མིི་ནག་ཚོ་དང་སྒོ་ཟོག་མཐོན་པོ།
- བྱང་ཕྱོགས་ན་མི་དམར་རྟ་དམར།
- དོ་རྒྱའི་ཤིང་དམར་མཐོན་པོ།
- སྲིན་པོ་དགྲ་འདུལ་དབང་ཕྱུག
- ཁྱེད་ཚང་གཡས་ན་བན་དུས་སྟོང་གི་བདག་པོ།
- གཡོན་ན་བན་དུས་སྟོང་གི་བདག་པོ།
- མཛོད་བདག་གཏར་གྱི་བདག་པོ།
- ས་བདག་ལྡེ་མིག་གི་བདག་པོ།
- སྐྱེ་ལ་རི་སྒར་སྲིན་པོ་དགྲ་འདུལ་དབང་ཕྱུག
- ཁྱེད་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- དེའི་འཕྲོ་ནས་ལུང་རིང་རི་ཆེན་མཐོན་པོ།
- མགོན་པོ་ཨ་བརྟན་མཐོན་པོ།
- སྨན་སྒང་རི་ཆེན་མཐོན་པོ།
- བྲག་གསེབ་མཐོན་པོ།
- རང་སྐྱེས་མཐོན་པོ།
- ཁྲ་ཚང་མཐོན་པོ།
- དུས་ཕྱོགས་མཐོན་པོ།
- ཁྱེད་རྣམས་ཀྱི་ཞལ་ཡང་མཆོད་མ་ཨ་ཧཱུཾ།
- འདི་རྣམས་ཀྱི་མི་ཡི་ན་ཚ་བརྫོག་དགོས།
- ཕྱུགས་ཀྱི་གོད་ཁ་བརྫོག་དགོས།
- རྒྱུ་ཟོག་གི་སེར་བ་བརྫོག་དགོས།
- ཉི་མ་ཕྱོགས་བཞི་མཚམས་བརྒྱད་ལ་དགྲ་ཡ་གྱོད་ཡ།
- མདོར་ན་བྱ་བ་ངན་པ་ཐམས་ཅད།
- གདོན་ལམ་འོག་ནས་བཏུལ་དགོས།
- བཙན་ཁའི་ཁ་ནས་བརྫོག་དགོས།
- རིག་ལ་ཁད་ཀྱི་མིག་གཅོད་དགོས།
- བཤད་ལ་ཁད་ཀྱི་ལྕེ་གཅོད་དགོས།
- རྒྱུགས་ལ་ཁད་ཀྱི་རྐང་གཅོག་དགོས།
- ལེན་ལ་ཁད་ཀྱི་དཔུང་བ་གཅོག་དགོས།
- འདིའི་སྟེང་ནས་དགྲ་ཤ་མཐའ་ཡིས་གཅོད་དགོས།
- དགྲ་མགོ་རས་ཀྱིས་བཏུམ་དགོས།
- ཉི་མ་ཕྱོགས་བཞི་མཚམས་བརྒྱད་ན།
- ཉི་མ་ཕྱོགས་བཞི་མཚམས་བརྒྱད་ན།
- དགྲ་ཡ་གྱོད་ཡ།
- དགྲ་ཡ་ངན་པ་གྱོད་ཡ་ངན་པ་ཡོད་ན།
- གདོན་ལམ་འོག་ནས་བཏུལ་དགོས།
- བཙན་ཁའི་ཁ་ནས་བརྫོག་དགོས།
- ཁྱེད་རྣམས་ཀྱིས་མ་འོངས་པར།
- ཁྱེད་རྣམས་ཀྱིས་ཁ་ལས་རླུང་རྟ་རྒྱུགས་རྒྱུགས་བྱེད་དགོས།
- ཁ་ལས་མེ་ལྕེ་འབར་འབར་བྱེད་དགོས།
- རླུང་རྟ་རྟ་རྒོད་རྒྱུགས་རྒྱུགས་བྱེད་དགོས།
- ཁྱེད་རྣམས་ཀྱིས་མི་ལ་ན་ཚ་གཏོང་མི་ཉན།
- ཕྱུགས་ལ་གོད་ཁ་གཏོང་མི་ཉན།
- ལོ་ཏོག་ལ་སེར་བ་གཏོང་མི་ཉན།
- འདིའི་སྟེང་ནས།
- མི་འདོད་པའི་ཡོད་ཚད་ཐམས་ཅད་ལྷག་མེད་དུ་བཅོམ་ནས།
- བསམ་པའི་དོན་ཐམས་ཅད་རང་བཞིན་དུ་འགྲུབ་པ།
- ཁྱེད་རྣམས་ཀྱི་མི་སྔོན་དབྱངས་ནས།
- དུས་རྣམ་ཀུན་ཏུ་ཐུགས་ནས་མི་འདོར་པར་མཁྱེན་མཁྱེན་མཁྱེན།
- དེ་འདྲ་ཞིག་རེད།
- བསྡུས་པ་ཞིག་གི་སྒོ་ནས་བུད་ཐལ།
- དེ་ཡིན་ན་ཞལ་ཡང་མཆོད་མ་ཨ་ཧཱུཾ།