17 Mar 2016
1 min 22 sec
- ངའི་རི་མགོ་བརྒྱ་རིག་སྟོང་རིག་རེད།
- ངའི་རང་ཡུལ་རི་མགོ་མི་རིག་གི་རོགས།
- ཡང་མིན་ན་རི་མགོ་ནོར་ནི་རེད་།
- ཡང་མིན་ན་རང་སེམས་འཁྲུལ་ནི་རེད་རོགས།
- ངའི་ཆུ་མགོ་བརྒྱ་རིག་སྟོང་རིག་རེད།
- ངའི་རང་ཡུལ་ཆུ་མགོ་མི་རིག་གི་རོགས།
- ཡང་མིན་ན་ཆུ་མགོ་ནོར་ནི་རེད་།
- ཡང་མིན་ན་རང་སེམས་འཁྲུལ་ནི་རེད་རོགས།
- ངའི་རོགས་ལོ་བརྒྱ་རིག་སྟོང་རིག་རེད།
- ངའི་རང་སའི་རོགས་ལོ་མི་རིགས་གི་རོགས།
- ཡང་མིན་ན་རོགས་ལོ་ནོར་ནི་རེད།
- ཡང་མིན་ན་རང་སེམས་འཁྲུལ་ནི་རེད་རོགས།