19 Mar 2016
1 min 40 sec
- ང་འཇིག་རྟེན་ཁམས་ནས་ཕ་ཞིག་དགོས།
- ཕ་མེད་ན་འདོ་རིག་རྟ་ཞིག་དགོས།
- རྟ་འདོ་བས་ཕ་གོབ་མ་ཆོད་རུང་།
- དབུས་བྱང་ལམ་གཅད་དུས་ཕ་དང་འདྲ།
- ང་འཇིག་རྟེན་ཁམས་ནས་མ་ཞིག་དགོས།
- མ་མེད་ན་ཐོས་དཀར་འབྲི་ཞིག་དགོས།
- འབྲི་ཐུལ་མས་མ་གོབ་མ་ཆོད་རུང་།
- མར་ཆུར་བ་བཙོང་དུས་མ་དང་འདྲ།
- ང་འཇིག་རྟེན་ཁམས་ནས་སྤུན་ཞིག་དགོས།
- སྤུན་མེད་ན་ཉག་ཕྲན་མདའ་ཞིག་དགོས།
- མདའ་ཉག་ཕྲན་སྤུན་དང་མ་འདྲ་རུང་།
- དགྲ་ནག་པོ་ཐུག་དུས་སྤུན་དང་འདྲ།
- དགྲ་ནག་པོ་ཐུག་དུས་སྤུན་དང་འདྲ།