Skip to main content Skip to search
15 Dec 2011
1 min 29 sec
Rating
0
No votes yet
Audio Overview
Creators: 
Unknown

This song is generally sung at weddings and in festive summer gatherings.

Show More

  • སྟོད་གཞས། ཧྲུག་ཆག་ལགས།
  • རྒྱ་ལྕང་དཀྲུག་པ་མ་གནང་གཅིག་གསུངས་ལ།
  • ཟིལ་པས་སྦོངས་རོགས་ཡིན་འགྲོ་ཡིན་པས་གསུངས་ལ།
  • དགོན་གཞིས་ཕྱོགས་ལ་འགྲོ་འདོད་ཡོད་སྟེ་རི་ཟུར་མ་གི་སྒྲིབ་སོང།
  • མི་ཕོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་སྐུ་གསོད་ཡ་ལ་གཟིགས་དང།
  • དེ་ལས་ཁམ་སྡོང་དཀྲུགས་ན་གཅིག་གསུངས་ལ།
  • ཁམ་བུ་ཟ་རྒྱུ་ཡོའོ་རེད་ཞུས་པས་གསུངས་ལགས།
  • དགོན་གཞིས་ཕྱོགས་ལ་འགྲོ་འདོད་ཡོད་སྟེ་རི་ཟུར་མ་གི་སྒྲིབ་སོང།
  • མི་ཕོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་སྐུ་གསོད་ཡ་ལ་གཟིགས་དང།
  • རྩ་བ་ཚུགས་པའི་སྡོང་པོ་གཅིག་གསུངས་ལགས།
  • ཁྱེད་ལ་གནང་རྒྱུ་ཡོད་ན་ཡོད་པས་གསུངས་ལགས།
  • དགོན་གཞིས་ཕྱོགས་ལ་འགྲོ་འདོད་ཡོད་སྟེ་རི་ཟུར་མ་གི་སྒྲིབ་སོང།
  • ཨ་ཅོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་སྐུ་གསོད་ཡ་ལ་གཟིགས་དང།