16 Mar 2016
1 min 29 sec
- ཨེ་མ་བསང་རི་ལོ།།
- ཤར་ཡི་གངས་རི་དཀར་པོ། །
- རྩེ་མོ་དགུང་དང་མཉམ་ཡོད།།
- ཨེ་མ་བསང་རི་ལོ།
- ཨེ་མ་བསང་རི་ལོ། །
- ཡིད་མཐུད་དུང་དཀར་པོ།།
- ཞལ་མཇལ་ཡོང་བར་བསྒུགས་ཡོད།།
- ཨེ་མ་བསང་རི་ལོ།།
- ཨེ་མ་བསང་རི་ལོ།།
- རྒྱ་ལྕང་ལོ་མའི་རྩེ་ནས།།
- འཇོལ་མོའི་གསུང་སྙན་སྒྲོགས་དུས།།
- ཨེ་མ་བསང་རི་ལོ།།
- ཨེ་མ་བསང་རི་ལོ།།
- སྙིང་གི་གྲོགས་པོའི་ཞལ་རས།།
- ཝ་ལེར་ཡིད་ལ་ཤར་བྱུང་།།
- ཨེ་མ་བསང་རི་ལོ།།
- ཨེ་མ་བསང་རི་ལོ།།
- སྤང་ལྗོངས་མཛེས་པའི་སྟེང་ནས།།
- དཀར་དམར་མེ་ཏོག་བཞད་དུས།།
- ཨེ་མ་བསང་རི་ལོ།།
- ཨེ་མ་བསང་རི་ལོ།
- སྙིང་གི་གྲོགས་པོའི་ཞས་རིས།
- ཝ་ལེར་ཡིད་ལ་ཤར་བྱུང་།
- ཨེ་མ་བསང་རི་ལོ།
- ཝ་ལེར་ཡིད་ལ་ཤར་བྱུང་།
- ཨེ་མ་བསང་རི་ལོ།