14 Feb 2017
5 min 41 sec
Audio Overview
Creators:
Yeshi Wangchuk, Penchela, Karma
Thowa Ganggi Tselay is one of the three songs of Mani Sum of Talo village in Punakha. The three songs of Mani Sum are performed at the closing item on each day of the Three-day tshechu. Thowa Ganggi Tselay on the third day of the Talo tshechu.
གླུ་གཞས་མཐོ་བ་གངས་གི་རྩེ་ལས་ཟེར་མི་འདི་ སྤུ་ན་ཁ་རྫོང་ཁག་ སྟག་ལོག་གཡུས་ཚན་ནང་ལུ་ འཐེན་སྲོལ་ཡོད་པའི་གླུ་གཞས་མ་ཎི་གསུམ་གྱི་གྲལ་ལས་གཅིག་ཨིན། གླུ་གཞས་མ་ཎི་གསུམ་འདི་ ཉིནམ་གསུམ་གྱི་རིང་ལུ་ཚེས་བཅུ་བརྩི་བའི་སྐབས་ ཉིནམ་རེ་གི་མཇུག་བསྡུའི་རྟེན་འབྲེལ་སྐབས་ལུ་ མ་ཎི་གླུ་གཞས་རེ་རྐྱབ་སྟེ་མཇུག་བསྡུཝ་ཨིན་མས། གླུ་གཞས་མཐོ་བ་གངས་གི་རྩེ་ལས་ཟེར་མི་འདི་ ཚེས་བཅུ་ཉིནམ་གསུམ་པའི་སྐབས་ལུ་འཁྲབ་དོ་ཡོདཔ་ཨིན།
- ལྷ་མོ་དང་ཆ་རོགས་ཚུ་མཐོ་བ་ཅིག་གངས་ཀྱི་རྩེ་ལས། །ཉི་མ་ཅིག་ཤར་བ་ཅིག་མཇལ་ཤོག །
- ལྷ་མོ་དང་ཆ་རོགས་ཚུ་དམའ་བ་ཅིག་རྒྱ་མཚོ་གཏིང་ལས། །ནོར་བུ་ཅིག་ཞུ་བ་ཅིག་གཞན་ལས་མཆོང། །
- ལྷ་མོ་དང་ཆ་རོགས་ཚུ་ནོར་བུ་ཅིག་ཆུ་ཤེལ་མེ་ལ་ཤེལ། །ཡུལ་བཟང་བསྐོར་བ་ཅིག་བཏང་ལ་འགྲོ། །
- ལྷ་མོ་དང་ཆ་རོགས་ཚུ་ཨོ་ལོ་ང་ནི་རྒྱ་གར་ཤར་ལས་ལ། །བདག་ལ་རྨ་བྱ་ཡིན་ཟེར་ཡོང་གི་ལ། །བདག་ལ་རྨ་བྱ་ཡིན་ཟེར་ཡོང་གི་ལ། །
- ལྷ་མོ་དང་ཆ་རོགས་ཚུ་རྨ་བྱ་སྟོང་སྟོང་རུབ་ནས་ལ། །བདག་ལ་རྒྱ་གར་ཤར་ལས་ན་ཡོང་ལ། །བདག་ལ་རྒྱ་གར་ཤར་ལས་ན་ཡོང་ལ། །
- ལྷ་མོ་དང་ཆ་རོགས་ཚུ་ཨོ་ལོ་ང་ནི་ཀོང་ཡུལ་ཤར་ལས་ལ། །བདག་ལ་ངལ་གསོ་ཡིན་ཟེར་ཡོང་གི་ལ། །བདག་ལ་ངལ་གསོ་ཡིན་ཟེར་ཡོང་གི་ལ། །
- ལྷ་མོ་དང་ཆ་རོགས་ཚུ་[གནས་མཚོ་མུ་ནི་གནས་མོ་ལ། །?]བདག་ལ་ཀོང་ཡུལ་ཤར་ལས་ན་ཡོང་ལ། །བདག་ལ་ཀོང་ཡུལ་ཤར་ལས་ན་ཡོང་ལ། །
- ལྷ་མོ་དང་ཆ་རོགས་ཚུ་ཨོ་ལོ་ང་ནི་གཟིམ་ཅུང་སྒོ་ཁྱི་ལ། །བདག་ལ་སྒོ་ཁྱི་ཡིན་ཟེར་ཡོང་གི་ལ། །བདག་ལ་སྒོ་ཁྱི་ཡིན་ཟེར་ཡོང་གི་ལ། །
- ལྷ་མོ་དང་ཆ་རོགས་ཚུ་[སྒོ་ཁྱི་མུ་ནི་གནས་མུ་ལ། །བདག་ལ་ཨེ་དཀར་མུ་ནི་ཆུ་གི་ལ། །བདག་ལ་ཨེ་དཀར་མུ་ནི་ཆུ་གི་ལ། །?]
- ལྷ་མོ་དང་ཆ་རོགས་ཚུ་[ཨོ་ལོ་ང་ནི་ཕ་མ་ཟ་མི་ལ། །?]བདག་ལ་གཅེས་ཕྲུག་ཡིན་ཟེར་ཡོང་གི་ལ། །བདག་ལ་གཅེས་ཕྲུག་ཡིན་ཟེར་ཡོང་གི་ལ། །
- ལྷ་མོ་དང་ཆ་རོགས་ཚུ་ཕ་མའི་དྲིན་ལན་འཇལ་ནི་ལ། །[བདག་ལ་རུང་སེ་རུང་གི་ན་ཡོང་ལ། །བདག་ལ་རུང་སེ་རུང་གི་ན་ཡོང་ལ།། །།?]