18 Mar 2016
1 min 24 sec
- རྟ་འདོ་བ་སྐྱིད་དུས་སྡུག་དུས་གཉིས།
- སྐྱིད་དུས་རྟ་བརྒྱའི་གྲལ་ན་ཡོད།
- རྒྱུགས་བང་རྩལ་ངོམས་ན་ཉམས་རེ་དགའ།
- སྡུག་དུས་ཁྱམ་པའི་ལ་ན་ཡོད།
- ལྕགས་ཕྲ་མོས་བཀྲབ་ན་ཉམས་རེ་ང་།
- ལུས་རང་ལ་མི་དབང་ཉམས་རེ་ང་།
- མཛོ་ཁྱུང་དཀར་སྐྱིད་དུས་སྡུག་དུས་གཉིས།
- སྐྱིད་དུས་ཟོག་བརྒྱའི་གྲལ་ན་ཡོད།
- རྩྭ་རམས་དཀར་ཟོས་ན་ཉམས་རེ་ལ་དགའ།
- སྡུག་དུས་ཁྱོའི་སྒ་ཆག་རྒྱབ་ན་ཡོད།
- ཁལ་ལྗིད་མོ་བཀལ་ན་ཉམས་རེ་ང་།
- ལུས་རང་ལ་མི་དབང་སྙིང་རེ་རྗེ།
- ཆུང་བྱིས་པ་སྐྱིད་དུས་སྡུག་དུས་གཉིས།
- སྐྱིད་དུས་ཕ་མའི་རྩུབ་ན་ཡོད།
- ངག་གླུ་ཆུང་བླངས་ན་ཉམས་རེ་དགའ།
- སྡུག་དུས་ཁྱོད་ནོར་ལུག་རྗེས་ན་ཡོད
- གངས་ཆར་ཆུའི་ནང་ན་ཉམས་རེ་ང་།
- ལུས་རང་ལ་མི་དབང་སྙིང་རེ་རྗེ།
- ལུས་རང་ལ་མི་དབང་སྙིང་རེ་རྗེ།