05 Aug 2019
7 min 6 sec
Audio Overview
Creators:
Tashi Gyel
སྐྲ་སྟོན་དང་གྱ་སྟོན་སོགས་ས་གནས་ཀྱི་སྟོན་མོ་འགའ་ངོ་སྤྲོད་བྱས་ཡོད།
主要介绍了编发礼及八十大寿礼等一些地方礼节。
This speech details hair braiding ceremonies, eightieth birthday celebrations, and other special occasions.
བྱིས་པ་བུ་ཞིག་སྐྱེས་ནས་ལོ་གསུམ་འགོར་དུས་ཐོག་དང་པོར་བྱིས་པ་དེའི་སྐྲ་བཞར་བའི་ཉིན་མོ་དེར་སྡེ་མི་དང་ཐག་ཉེ་རིང་གི་ཤ་ཉེ་རྣམས་བོས་ནས་སྟོན་མོ་བྱེད། ད་དུང་ལོ་ལོན་རྣམས་ལོ་བརྒྱད་ཅུར་སོན་དུས་སུ་ཡང་ཁྱིམ་ཚང་ལ་ལས་ལོ་ལོན་དེ་ལ་བརྒྱད་ཅུའི་གྱ་སྟོན་ཞེས་སྟོན་མོ་བྱས་ནས་སྡེ་མི་དང་ཤ་ཉེ་རྣམས་འབོད། དེ་འདྲའི་སྟོན་མོ་ཆེ་མ་ཆུང་གསུམ་འགའ་ངོ་སྤྲོད་བྱས་ཡོད།
新生的男孩儿满3岁后,在头一回剃发那天便会邀请村民、远近的亲戚们参加剃发庆祝宴会。另外,当老人到80岁的时候,有些人家会为老人设宴庆祝80大寿,并邀请村民和亲戚一起参加寿宴。这里就此类大大小小的庆祝活做了详细的介绍。
- འོད་སྲུང་།དེ་རེད།
- ངས་བྱིས་པ་ཡི་བང་སྐྲ་དེ་བཤད།
- འདི་བཤད་ན་ཨ་མ་ཞིག་ལ་བྱིས་པ་ཞིག་སྐྱེས་རྒྱུ་རེད།
- བུ་ཞིག་སྐྱེས་རྒྱུ་རེད།
- བུ་དེ་སྐྱེས་ན་བྱིས་པ་དེ་ལོ་གསུམ་ལ་འབུད་རག་བར་དུ།
- བྱིས་པ་དེའི་མགོ་ཡི་སྐྲ་བཏོག་པ་མ་རེད།
- ལོ་གསུམ་ལ་བུད་ན།
- བྱིས་པ་དེའི་མགོ་ཡི་སྐྲ་བཏོག་དགོས་པ་རེད།
- དེ་བཏོག་དགོས་པའི་རྒྱུ་མཚན་ཅི་རེད་ཟེར་ན།
- བུ་འཛམ་གླིང་ལོ་གསུམ་ལ་བུད་ན།
- བུ་འཛམ་གླིང་གི་སྐྲ་བཏོག་པ་རེད།
- དེའི་མིང་ལ་བང་སྐྲ་ཟེར་བ་རེད།
- རྟ་རྐྱང་ངེ་ཡིས་ཁ་རྔོག་བཅའ་བ་རེད།
- དེ་བཞི་བའི་བཅུ་གཅིག་གི་ཉི་མ།
- ཉི་མ་བཟང་བ་དེར།
- བུ་འཛམ་གླིང་གི་བང་སྐྲ་བླངས་པ་དང་།
- རྟ་རྐྱང་ངེ་ཡི་ཁ་རྔོག་བཅའ་བའི་ཉི་མ་འདི་ཡིན་པ་རེད།
- འདི་ཡིན་ན་ང་ཚོ་ཡིན་ན་ཡང་།
- ཨ་མ་མོས་བུ་གཅིག་སྐྱེས་ཡོད་པ་དེ།
- ལོ་གསུམ་ལ་འབུད་རག་བར་དུ་སྐྲ་བཏོག་པ་མ་རེད།
- ལོ་གསུམ་ལ་བུད་དུས་དེའི་མགོ་ཡི་སྐྲ་བཏོག་དགོས།
- བཏོག་ནས་དེའི་མིང་ལ་བང་སྐྲ་ཟེར།
- ཨ་མ་ཡི་སྐྱེས་པ་ནས་བཟུང་།
- ལོ་གསུམ་ན་འབུད་རག་བར་དུ།
- བུ་དེའི་མགོ་ཡི་སྐྲ་བཏོག་པ་མ་རེད།
- དེའི་མིང་ལ་བང་སྐྲ་ཟེར་བ་རེད།
- དེའི་ཉིན་མོར་བཏོག་དགོས།
- བཏོག་སྟེ་སྟོན་མོ་བྱས་ནས་དེ་ལྟར་བྱེད་དགོས།
- དེ་ཡིན་ན་དེའི་མགོ་ནས་བཏོག་པའི་སྐྲ་དེ།
- ཅི་བྱེད་དགོས་ཟེར་ན་སྐྲ་རིལ་བཅའ་དགོས།
- སྐྲ་རིལ་དེ་ཅི་ལྟར་བཅའ་དགོས་ཟེར་ན།
- རང་གི་ལག་པའི་ནང་ནས་ཡང་ཡང་ཕུར་ནས་རིལ་བུ་བཅོས་ན།
- རིལ་བུ་ཡིས་ལོག་འགྲོ།
- རིལ་བུ་ཡིས་ལོག་སོང་ན་དེ་ཁོའི་སྐེ་ལ་འདོགས་དགོས།
- སྐྲ་རིལ་དེ་ཁོའི་སྐེ་ལ་འདོགས་དགོས།
- བྱིས་པ་ལོ་གསུམ་ཅན་དེར།
- ཁོའི་སྐྲ་ཁོའི་སྐེ་ལ་འདོགས་དགོས།
- དེ་ཡིན་ན་དེའི་མིང་ལ་བང་སྐྲ་ཟེར་བ་རེད།
- འདི་རེད།
- དེའི་འཕྲོ་ནས་སྐྲ་སྟོན་ཟེར་བ་ཞིག་ཡོད་པ་རེད།
- སྐྲ་སྟོན་ཟེར་བ་དེ་ཅི་རེད་ཟེར་ན།
- བུ་མོ་ལོ་བཅོ་ལྔ་ཉི་ཤུ་ལ་བུད་ན་སྐྲ་འདོགས་དགོས།
- ཐོད་ལོག་ལ་སོགས་པ་འདོགས་པ་རེད།
- དེ་ཡིན་ན་དེར་སྟོན་མོ་བྱེད་དགོས།
- དེར་སྟོན་མོ་བྱས་ན།
- དེ་ཚང་གི་བུ་མོའི་སྐྲ་སྟོན་རེད།
- སྟོན་མོ་ལ་འགྲོ་ཟེར་ཏེ།
- ཚང་མའི་ལག་ཏུ་ལག་ཁྱེར་རེ་ཁྱེར་ཏེ་ཡོང་བ་རེད།
- སྟོན་མོ་ལ་ཡོང་བ་རེད།
- སྟོན་མོ་ལ་ཡོང་ན་ཡང་དེ་རེད།
- ཤ་མར་རྩམ་གསུམ་གྱིས་སྡེར་ཁ་བསྒྲིགས་པ་དང་།
- དེ་ཚང་མ་གྲྭ་སྒྲིག་བྱེད་པ་དང་།
- སྟོན་མོ་ལ་ཡོང་ན་སྟོན་མོ་བ་སྣེ་ལེན་བྱས་ནས་དེ་ལྟར་བྱེད་དགོས།
- དེའི་མིང་ལ་སྐྲ་སྟོན་ཟེར་བ་རེད།
- གོང་གི་དེའི་མིང་ལ་ང་ཚོའི་བང་སྟོན་ཟེར་བ་རེད།
- འབྲོག་པའི་མནོལ་སྟོན་ཟེར་བ་རེད།
- སྟོན་མོ་ཟེར་བ་དེ་གཉིས་ཀ་རེད།
- དེའི་འཕྲོ་ནས་བག་སྟོན་ཟེར་བ་ཞིག་ཡོད་པ་རེད།
- བག་སྟོན་ཟེར་བ་དེ་འདི་ཚང་གི་བུ་མོ་ཞིག་ཕར་སྐྱེལ་བ་དང་།
- གན་ཚང་གི་བུ་ཞིག་ཚུར་མག་པ་ཡོང་དགོས་ན།
- དེའི་མིང་ལ་བག་སྟོན་ཟེར་བ་རེད།
- བག་སྟོན་ལ།
- ངེད་ཚང་གི་བུ་ལ་མནའ་མ་ལེན་དགོས།
- བག་སྟོན་ལ་ཤོག་ཅེས་བོས་ན།
- སེམས་ཅན་གྱིས་ལག་ཁྱེར་ཁྱེར་ནས།
- སྡེ་བ་ཡིན་ན་དེར་མ་ཡོང་བར་འདུག་པ་མ་རེད།
- དེར་མི་ཡོང་བ་ཞིག་ཡོད་ན།
- དེ་ཚང་གི་དེ་འདི་ཚང་ལ་བག་སྟོན་ལ་མ་ཡོང་བ་རེད།
- གཉེན་སྟོན་ལ་མ་ཡོང་བ་ཅི་ཞིག་ཡིན་ནམ།
- དེ་ཚང་ངན་པ་ཞིག་རེད།
- དེ་ལྟར་སྐད་ཆ་ངན་པ་བཤད་པ་རེད།
- དེར་མང་པོ་འདུག་མཁན་ཡང་ཡོད་པ་མ་རེད།
- ཡོང་དགོས་པ་རེད།
- ཡོང་ན་རང་རང་གི་ལག་ཁྱེར་དེ།
- རང་རང་གི་འཛོམ་ཚོད་ཀྱིས།
- ད་སྐབས་རེད།
- དེང་མ་ཡི་དེ་མི་བཤད།
- ད་སྐབས་ཡིན་ན་སྦག་སྦག་འཁོར་ལོ་ཁྱེར་ནས་ཡོང་བ་དང་།
- དེ་མ་ཟད་གོན་པ་ཡི་སྟེང་ནས་དེང་སང་།
- བོད་ཀྱིས་གྱོན་པ་ཕྲུག་རེད།
- ཕྲུག་རྡོ་རིལ་བྱས་ནས་ཁྱེར་ཡོང་བ།
- དེ་མ་ཟད་གོས་རྡོ་རིལ་བྱས་ནས་ཁྱེར་ཡོང་བ།
- ཨོ་ལེད་་་རྣམ་པ་སྣ་ཚོགས།
- དེའི་འཕྲོ་ནས་མི་རེ་རེ་ཡིས་སྐེ་རགས་ཁྱེར་ཡོང་བ།
- དེ་ཁྱད་པ་བ་ཞིག་ཡིན་པ་མ་རེད།
- རང་རང་ལ་ད་སྐབས་དེ་འདྲའི་དཔེ་ཞིག་ཡོད་པ་རེད།
- གོར་མོ་སྟོང་ཡོད་ན་ཁྲི་ཡོད་ན།
- ཤོག་སྒམ་ཞིག་གི་ནང་དུ་བཅུག་སྟེ།
- ཡིག་ཐུམ་ཞིག་གི་ནང་དུ་བཅུག་སྟེ།
- སྟེང་དུ་རང་གི་མིང་ཡིག་བརྒྱབ་སྟེ།
- གན་ན་སྒོར་མོ་སྤྲོད་སའི་མི་ཡོད་པ་རེད།
- སྒོར་མོ་སྟེར་སའི་མི་ཡི་སྔོན་ན།
- སྒམ་ཆུང་ཞིག་ཡོད་པ་རེད།
- སྒམ་ཆུང་ནང་དུ་འཕངས་ན།
- རྗེས་ནས་བལྟས་ན།
- ཁོའི་མིང་རིག་ན།
- འདི་ལ་སྒོར་མོ་སྟོང་གཅིག་ཡོད་པ་དང་།
- འདི་ལ་སྒོར་མོ་ཁྲི་གཅིག་ཡོད་པ་དང་།
- འདི་ལ་སྒོར་མོ་བརྒྱ་ཡོད་གི
- དེ་ལྟར་བལྟ་བ་རེད།
- དེ་ལྟར་ཁྱེར་བ་རེད།
- དེ་ཡིན་ན་དེ་གཉེན་སྟོན་རེད།
- དེའི་འཕྲོ་ནས་གྱ་སྟོན་ཟེར་བ་ཞིག་ཡོད་པ་རེད།
- ལོ་ལོན་ལོ་བརྒྱད་ཅུ་ལ་བུད་ན་གྱ་སྟོན་བྱེད་པ་རེད།
- གྱ་སྟོན་བྱེད་པ་རེད།
- གྱ་སྟོན་བྱས་ན།
- ངེད་ཚང་གི་ལོ་ལོན་ལ་གྱ་སྟོན་བྱེད་དགོས།
- སང་ཉིན་གནངས་ཉིན་གྱི་ཉི་མ་འདིར།
- ཁྱོད་ཚོ་གྱ་སྟོན་ལ་ཤོག་ཟེར་ན།
- ལག་ཁྱེར་ཁྱེར་ནས་ཡོང་སྟེ།
- དེའི་ཉི་མ་གྱ་སྟོན་གྱི་ཉིན་མོ་དེར།
- གྱ་སྟོན་བྱེད་པའི་ལོ་ལོན་རྒད་པོ་དེ་ཅི་འདྲ་རེད་ཟེར་ན།
- གདན་དཀར་པོའི་སྟེང་ནས་འདུག་པ་དང་།
- གོས་དཀར་པོ་བསྐོན་པ།
- ཇ་དཀར་པོ་ལྡུད་པ།
- འདི་ལྟར་བྱེད་དགོས།
- འདི་ཅི་རེད།
- འདིའི་སྨོན་ལམ་འདི་ཅི་རེད་ཟེར་ན།
- སྐྱེས་པ་རྗེས་མའི་ལམ་ཞིག་ཡིན་ཟེར་བ་རེད།
- གདན་དཀར་པོ་སྟེང་ནས་བསྡད་པ་དང་།
- གོན་པ་དཀར་པོ་གྱོན་ནས་འདུག་པ་དང་།
- ཇ་དཀར་པོ་འཐུང་བ་དེ་ནི།
- སྐྱེས་པ་རྗེས་མའི་སྨོན་ལམ་བརྒྱག་ཚུལ།
- དེ་འདི་འདྲ་ཞིག་ཡིན་ཟེར་བ་རེད།
- དེ་ཡིན་ན་དེ་ལོ་ལོན་གྱི་སྟོན་མོ་དང་།
- མནོལ་སྟོན་ཡིན་ན་སྐྲ་སྟོན་ཡིན་ན།
- ལོ་ལོན་གྱི་གྱ་སྟོན་ཡིན་ན།
- དེ་དག་ཚང་མའི་སྟོན་མོ་ཡི་རྒྱུ་མཚན་དེ་འདྲ་ཞིག་རེད།