19 Mar 2016
2 min 26 sec
- སེར་པོ་གསེར་པོ་འདི་བླ་མའི་ན་བཟའ་ཡིན།
- སེར་པོ་གསེར་འདི་བླ་མའི་ཞལ་རས་ཡིན།
- སེར་བོ་གསེར་ལས་གྲུབ་པའི་གླུ་ཆུང་འདི།
- རྩ་བའི་བླ་མར་ཕུལ་བའི་མཆོད་པ་ཡིན།
- དཀར་པོ་དུང་འདི་ཕ་ལོའི་ཞལ་གསུངས་ཡིན།
- དཀར་པོ་དུང་འདི་མ་ལོའི་སེམས་པ་ཡིན།
- དཀར་པོ་དུང་ལས་གྲུབ་པའི་གླུ་ཆུང་འདི།
- དྲིན་ཆེན་ཕ་མར་ཕུལ་བའི་མཆོད་པ་ཡིན།
- དཀར་པོ་ལས་གྲུབ་པའི་གླུ་ཆུང་འདི།
- དྲིན་ཆེན་ཕ་མར་ཕུལ་བའི་མཆོད་པ་ཡིན།
- དམར་པོ་ཁྲག་འདི་གྲོགས་པོའི་སེམས་པ་ཡིན།
- དམར་པོ་ཁྲག་འདི་འགྱུར་མེད་དམ་བཅའ་ཡིན།
- དམར་པོ་ཁྲག་ལས་གྲུབ་པའི་གླུ་ཆུང་འདི།
- སྙིང་གི་གྲོགས་པོར་ཕུལ་བའི་མཆོད་པ་ཡིན།
- དམར་པོ་ཁྲག་ལས་གྲུབ་པའི་གླུ་ཆུང་འདི།
- སྙིང་གི་གྲོགས་པོར་ཕུལ་བའི་མཆོད་པ་ཡིན།