Audio Overview
Sonam Choden sings “Great Father Dechen Künzang” (Yapchen Dechen Künzang). The lyrics to this song are in the first person and express a request to the great father Dechen Künzang that he bring the devout to the place where the dakinis reside. If he does not do so, the lyrics say, the curse of the dakinis will fall upon the devout. The song also describes the ornaments that the devout wears, such as a crown, earrings, amulets, and a mirror that is held in the left hand. All these are accruements of the protector deity, or Mahakala. His power will help the devout that goes to the palace of the dakinis.
བསོད་ནམས་ཆོས་སྒྲོན་གྱི་ གླུ་གཞས་ཡབ་ཆེན་བདེ་ཆེན་ཀུན་བཟང་ཟེར་མི་འདི་འཐེནམ་ཨིནཡ་མས། གླུ་གཞས་འདི་ གང་ཟག་དང་པོ་གིས་ཐོག་ལས་ འཐེན་ཏེ་ཡོདཔ་ཨིནམ་དང་ གླུ་གཞས་ཀྱི་ཚིག་ནང་ལུ་ ཡབ་ཆེན་ཨ་པ་བདེ་ཆེན་ཀུན་བཟང་ལུ་ དད་ཤུགས་ཅན་ཚུ་ མཁའ་འགྲོ་མ་བཞུགས་ས་ལུ་ འབག་དགོ་པའི་ཞུ་བ་ཕུལ་དོ་ཡོདཔ་དང་ གལ་སྲིད་ འཁྱིད་མ་འབག་བ་ཅིན་ མཁའ་འགྲོ་མའི་ངན་ནུས་འདི་ དད་ཤུགས་ཅན་གུ་ཕོག་འོང་ཟེར་བཤད་དོ་ཡོདཔ་ཨིན། དེ་མ་ཚད་ གླུ་གཞས་ཀྱི་ཚིག་ནང་ལུ་
- བསོད་ནམས་ཆོས་སྒྲོནལེ་ཡབ་ཆེན་བདེ་ཆེན་ཀུན་བཟང་ལ་གཉེན་གྲོགས་མཛད་ལ། །
- བསོད་ནམས་ཆོས་སྒྲོནབུ་མོ་མཁའ་འགྲོ་གླིང་ལུ་ལ་ནི་བཏང་ར་ཅིག(གཏང་བར་མཛོད)། །
- བསོད་ནམས་ཆོས་སྒྲོནལེ་བུ་མོ་མཁའ་འགྲོ་གླིང་ལུ་ལ་མ་བཏང་ན་ལ། །
- བསོད་ནམས་ཆོས་སྒྲོནབུ་མོ་མཁའ་འགྲོ་དམངས་ཀྱི་ལ་ནི་བཀའ་ཆད་ཕོག །
- བསོད་ནམས་ཆོས་སྒྲོནལེ་བུ་མོ་མགོ་ལ་བཙུགས་པའི་དབུ་ཞྭ་འདི་ལ། །
- བསོད་ནམས་ཆོས་སྒྲོནདགོན་པའི་རྒྱལ་མཚན་ཨིན་རུང་ལ་ནི་བུ་མོ་དགའ། །
- བསོད་ནམས་ཆོས་སྒྲོནལེ་བུ་མོ་སྙན་ལུ་བཏགས་པའི་ལ་སྙན་གཡུ་འདི་ལ། །
- བསོད་ནམས་ཆོས་སྒྲོནདགོན་པའི་ཆོས་དྲིལ་ཨིན་རུང་ལ་ནི་བུ་མོ་སྐྱིད། །
- བསོད་ནམས་ཆོས་སྒྲོནལེ་བུ་མོ་སྐེ་ལུ་བཏགས་པའི་ལ་གའུ་ཅུང་འདི་ལ། །
- བསོད་ནམས་ཆོས་སྒྲོནདགོན་པའི་ཆོས་སྐོར་ཨིན་རུང་ལ་ནི་བུ་མོ་དགའ། །
- བསོད་ནམས་ཆོས་སྒྲོནལེ་གའུ་ཅུང་ནང་ལ་བཞུགས་མི་ལ་དམ་རྫས་འདི་ལ། །
- བསོད་ནམས་ཆོས་སྒྲོན[ལྷུན་གྲུབ་བྲག་བཙན་?]ཨིན་རུང་ལ་ནི་བུ་མོ་སྐྱིད། །
- བསོད་ནམས་ཆོས་སྒྲོནལེ་དགའ་ལ་སྐྱིད་གསུམ་འཛོམས་པའི་ལ་བུ་མོ་ང་ལ། །
- བསོད་ནམས་ཆོས་སྒྲོནབླ་མ་(བླ་མས་)ཆོས་ཅིག་གསུང་རུང་ལ་ནི་བུ་མོ་དགའ། །
- བསོད་ནམས་ཆོས་སྒྲོནལེ་ཕྱག་ལ་གཡས་པ་བསྣམས་པའི་ལ་དུང་དཀར་འདི་ལ། །
- བསོད་ནམས་ཆོས་སྒྲོནདགོན་པའི་ཚོ་དུང་(ཆོས་དུང་)ཨིན་རུང་ལ་ནི་བུ་མོ་དགའ། །
- བསོད་ནམས་ཆོས་སྒྲོནལེ་ཕྱག་ལ་གཡོན་མ་བསྣམས་པའི་ཤེལ་དཀར་འདི་ལ། །
- བསོད་ནམས་ཆོས་སྒྲོནདགོན་པའི་ཐུགས་དམ་ཨིན་རུང་ལ་ནི་བུ་མོ་སྐྱིད།། །།