Skip to main content Skip to search
15 Feb 2017
14 min 45 sec
Audio Overview
Creators: 
Yeshi Wangchuk, Penchela, Karma

The auspicious song 'Tashi Lebay" is normally sang at the end of every Bhutanese important events. It basically suplicate to the Gods and Goddess to prevent from bad luck and mishaphs in one's life until the nest meet. Evcry Bhutanese important events begin with reciting verses of auspiciousness (bkra shis brtsegs pa) ceremonies and then conclude with this song of auspicious to remain happy without any ilness until the next meet.

གླུ་གཞས་ བཀྲ་ཤིས་ལེགས་པའི་ཟེར་མི་འདི་ འབྲུག་པའི་དུས་དང་ དགའ་སྟོན་རྩ་ཅན་གྱི་སྐབས་ ཉིནམ་མཇུག་ལུ་འཐེནམ་ཨིན་མས། གླུ་གཞས་འདི་ མི་ཚེ་ནང་ལུ་ འགལ་་རྐྱེན་བར་ཆད་གཅི་ཡང་ འབྱུང་མ་བཅུག་བར་ ལོག་སྟེ་རང་འཛོམས་ཚུགས་ནིའི་དོན་ལུ་ ལྷ་ཚུ་ལུ་གསོལཝ་བཏབ་པའི་གླུ་གཞས་ཅིག་ཨིན་མས། འབྲུག་རྒྱལ་ཁབ་ནང་ལུ་ རྩ་ཆེ་བའི་ དུས་སྟོན་དང་ དགའ་སྟོན་ཚུ་ བཀྲ་ཤུས་བརྩེགས་པ་གིས་ འགོབཙུགས་ཏེ་ བཀྲ་ཤིས་གླུ་དབྱངས་ཀྱི་སྦེ་ མཇུག་བསྡུ་དོ་ཡོདཔ་ཨིན།  

Transcript search
No results found for this search
0 of 0
  • ཆོས་སྒྲོན/Choden:
    ཨ་ལེགས་པས་ལེགས་པས་དབའེ། །ལེགས་པས་ས་དབའེ།
  • ཆོས་སྒྲོན/Choden:
    ཨ་ལེགས་པའི་ཕྱོགས་ལས་དབའེ་ཞུ་ཆེ་གེ།ཞུ་ཆེ་གེ
  • ཆོས་སྒྲོན/Choden:
    སྟེང་དགའ་ལྡན་ཕྱོགས་ཀྱི་ཕོ་བྲང་ན་དབའེ། །
  • ཆོས་སྒྲོན/Choden:
    རྗེ་བྱམས་པ་མགོན་པོ་དབའེ་གཡང་ཆགས་པས།།
  • ཆོས་སྒྲོན/Choden:
    དུས་ད་རེས་འཛོམས་པའི་དབའེ་དཔོན་སློབ་ཚུ་དབའེ། །
  • ཆོས་སྒྲོན/Choden:
    [ཕྱོགས་ལ་?]འགྱུར་བ་མེད་པའི་དབའེ་སྨོན་ལམ་ཞུ།།སྨོན་ལམ་ཞུ།
  • ཆོས་སྒྲོན/Choden:
    ནུབ་བདེ་བ་ཅན་གྱི་དབའེ་ཞིང་ཁམས་ན་དབའེ། །
  • ཆོས་སྒྲོན/Choden:
    མགོན་ཚེ་དཔག་མེད་ཀྱི་དབའེ་གཡང་ཆགས་པས། །གཡང་ཆགས་པས།
  • ཆོས་སྒྲོན/Choden:
    དུས་ད་རེས་འཛོམས་པའི་དཔོན་སློབ་ཚུ་དབའེ། །
  • ཆོས་སྒྲོན/Choden:
    ཚེ་ལ་བར་ཆད་མེད་པའི་དབའེ་སྨོན་ལམ་ཞུ།།སྨོན་ལམ་ཞུ།
  • ཆོས་སྒྲོན/Choden:
    གནས་སྤྱང་ལོ་ཅན་གྱི་དབའེ་ཕོ་བྲང་ན་དབའེ། །
  • ཆོས་སྒྲོན/Choden:
    ལྷ་རྣམ་ཐོ་སྲས་(རྣམ་ཐོས་སྲས་)ཀྱི་དབའེ་གཡང་ཆགས་པས།།གཡང་ཆགས་པས།
  • ཆོས་སྒྲོན/Choden:
    དུས་ད་རེས་འཛོམས་པའི་དབའེ་དཔོན་སློབ་ཚུ་དབའེ། །
  • ཆོས་སྒྲོན/Choden:
    ནོར་ལ་ཟད་པ་མེད་ཀྱི་དབའེ་གཡང་ཆགས་པས། །གཡང་ཆགས་པས།
  • ཆོས་སྒྲོན/Choden:
    གནས་གངས་རི་ཆེན་པོ་དབའེ་ཏི་སི་ན་དབའེ། །
  • ཆོས་སྒྲོན/Choden:
    ལྷ་དབང་ཕྱུག་ཆེན་པོ་དབའེ་གཡང་ཆགས་པས།།གཡང་ཆགས་པས།
  • ཆོས་སྒྲོན/Choden:
    དུས་ད་རེས་འཛོམས་པའི་དབའེ་དཔོན་སློབ་ཚུ་དབའེ། །
  • ཆོས་སྒྲོན/Choden:
    ལྷ་དབང་ཐང་མཉམ་པའི་དབའེ་སྨོན་ལམ་ཞུ། །སྨོན་ལམ་ཞུ།
  • ཆོས་སྒྲོན/Choden:
    གཡུས་གནས་ལུ་སྐྱེས་པའི་དབའེ་ཞིང་ཁམས་ན་དབའེ། །
  • ཆོས་སྒྲོན/Choden:
    མ་རྗེ་བཙུན་སྒྲོལ་མའི་དབའེ་གཡང་ཆགས་པས། །གཡང་ཆགས་པས།
  • ཆོས་སྒྲོན/Choden:
    དུས་ད་རེས་འཛོམས་པའི་དབའེ་དཔོན་སློབ་ཚུ་དབའེ། །
  • ཆོས་སྒྲོན/Choden:
    རྐྱེན་བར་ཆད་མེད་པའི་དབའེ་སྨོན་ལམ་ཞུ།།སྨོན་ལམ་ཞུ།
  • ཆོས་སྒྲོན/Choden:
    གནས་སྤུངས་ཐང་བདེ་ཆེན་དབའེ་ཕོ་བྲང་ན་དབའེ། །
  • ཆོས་སྒྲོན/Choden:
    དཔལ་འཁོར་ལོ་སྡོམ་པའི་དབའེ་གཡང་ཆགས་པས། །གཡང་ཆགས་པས།
  • ཆོས་སྒྲོན/Choden:
    དུས་ད་རེས་འཛོམས་པའི་དབའེ་དཔོན་སློབ་ཚུ་དབའེ། །
  • ཆོས་སྒྲོན/Choden:
    ཚོམ་བུ་གཅིག་ཏུ་འགྲོ་བའི་(འགྲུབ་པའི་)དབའེ་སྨོན་ལམ་ཞུ། །སྨོན་ལམ་ཞུ།
  • ཆོས་སྒྲོན/Choden:
    འབྲུག་ཁམས་གསུམ་དབང་འདུས་དབའེ་ཕོ་བྲང་ན་དབའེ། །
  • ཆོས་སྒྲོན/Choden:
    མགོན་བྱ་རོག་གདོང་ཅན་དབའེ་གཡང་ཆགས་པས།།གཡང་ཆགས་པས།
  • ཆོས་སྒྲོན/Choden:
    དཔལ་མི་དབང་དབུ་འཕང་དབའེ་དགུང་ལས་མཐོ་དབའེ། །
  • ཆོས་སྒྲོན/Choden:
    འབངས་བདེ་ཞིང་སྐྱིད་པའི་དབའེ་སྨོན་ལམ་ཞུ།།སྨོན་ལམ་ཞུ།
  • ཆོས་སྒྲོན/Choden:
    མཐོཝ་ནམ་མཁའ་ལྡིང་གི་དབའེ་གུར་ཁང་ན་དབའེ། །
  • ཆོས་སྒྲོན/Choden:
    ཉིན་ཟླ་སྐར་གསུམ་འཛོམས་པའི་དབའེ་གཡང་ཆགས་པས།།གཡང་ཆགས་པས།
  • ཆོས་སྒྲོན/Choden:
    དུས་ད་རེས་འཛོམས་པའི་དབའེ་དཔོན་སློབ་ཚུ་དབའེ། །
  • ཆོས་སྒྲོན/Choden:
    ཞལ་ཡང་ཡང་མཇལ་བའི་དབའེ་སྨོན་ལམ་ཞུ།།སྨོན་ལམ་ཞུ།
  • ཆོས་སྒྲོན/Choden:
    བར་དེ་ལས་དཔལ་གཡང་དབའེ་ས་ལུ་ཆགས་དབའེ། །
  • ཆོས་སྒྲོན/Choden:
    དུས་རྟག་ཏུ་བདེ་བའི་དབའེ་བཀྲ་ཤིས་ཤོག །བཀྲ་ཤིས་ཤོག། །།