Audio Overview
This song is sung at New Year's celebrations, when raising prayer flag poles, and at parties.
- དགའ་ས་ཡ་ལའི་ཚུར་ལ་ནི་ཡོང་བའི། སྐྱིད་ས་ཡ་ལའི་ངས་གླུ་ཅིག་འཛོམས། ད་ལོའི་ལོ་ལཱ་མི་ལ་ཡང་འཛོམས་བྱུང་། བཙོས་པའི་ཡ་ལ་ཆང་ཡང་ཅིག་ཞིམ། ང་ཅག་ཡ་ལ་གཞོན་ལོའི་གཞོན་འཛོམས་བྱུང་། དཔུང་པའི་ཡ་ལཱ་དཀར་རྒྱན་ཅིག་བཞངས། ཨོའོ་ཡག་བྱུང་།
- མནའ་མ་བླངས་པའི་སྒང་ལའི་གསེར་ཁྲི་མེད་པ་བརྒྱའི་ཡའི། མནའ་མ་འཕྲད་དུས་ལའི་གསེར་གྱི་བསྟན་པ་དར་སོང་།
- བཙན་པོ་ལ་མེད་པའི་སྒང་ལའི་དངུལ་ཁྲི་མེད་པ་བརྒྱའི་ཡའི། བཙན་པོ་ལ་ཕེབས་དུས་ལའི་དངུལ་གྱི་བསྟན་པ་དར་སོང་།
- ཕ་མ་མ་ཕེབས་གོང་ལའི་གཡུ་ཁྲི་མེད་པ་བརྒྱའི་ཡའི་ལ། ཕ་མ་ཕེབས་དུས་ལའི་གཡུ་ཁྲི་བསྟན་པ་དར་སོང་། ཕ་མ་ཕེབས་དུས་ལའི་གཡུ་ཁྲི་བསྟན་པ་དར་སོང་།