12 Mar 2016
1 min 50 sec
- གསེར་གྱི་རི་ལ་གསེར་གྱི་ཐང་།
- གསེར་གྱི་ཐང་ལ་མཉམ་དུ་འགྲོ།
- སོ་ཡ་ལ་གསེར་གྱི་ཐང་ལ་མཉམ་དུ་འགྲོ།
- གསེར་གྱི་མེ་ཏོག་འཐུ་ས་འགྲོ།
- རྩ་བའི་བླ་མ་མཇལ་ས་འགྲོ།
- སོ་ཡ་ལ་རྩ་བའི་བླ་མ་མཆོད་ས་འགྲོ།
- དངུལ་གྱི་ཐང་ལ་དངུལ་གྱི་ཐང་།།
- དངུལ་གྱི་ཐང་ལ་མཉམ་དུ་འགྲོ།
- སོ་ཡ་ལ་དངུལ་གྱི་ཐང་ལ་མཉམ་དུ་འགྲོ།
- དངུལ་གྱི་མེ་ཏོག་འཐུ་ས་འགྲོ།
- དྲིན་ཆེན་ཕ་མ་མཇལ་ས་འགྲོ
- སོ་ཡ་ལ་དྲིན་ཆེན་ཕ་མ་འབུལ་ས་འགྲོ
- དུང་གི་རི་ལ་དུང་གི་ཐང་།།
- དུང་གི་ཐང་ལ་མཉམ་དུ་འགྲོ
- སོ་ཡ་ལ་དུང་གི་ཐང་ལ་མཉམ་དུ་འགྲོ
- དུང་གྱི་མེ་ཏོག་འཐུ་ས་འགྲོ།
- ཆུང་འདྲེའི་རོགས་ལོ་འབུལ་ས་འགྲོ
- སོ་ཡ་ལ་ཆུང་འདྲིས་རོགས་ལོ་འབུལ་ས་འགྲོ