19 Mar 2016
3 min 4 sec
- ཨེ་མ་ལྷ་རྒྱལ་ལོ།
- ཚིག་དེ་དང་པོ་བཤད་ན།
- ཚིག་མགོ་གངས་དཀར་སྟག་རྩེ།
- སོ་ཨེ་མ་ཡ་ཨེ་མ་ཡང་གཅིག་སོ་ཡེ།
- དབྱར་གསུམ་ཉི་འོད་ཚ་ཡང་།
- ཞི་བའི་བསམ་པ་ང་མེད།
- ཨེ་མ་ལྷ་རྒྱལ་ལོ།
- ཚིག་དེ་གཉིས་པ་བཤད་ན།
- ཚིག་རྩ་མ་ཕམ་གཡུ་མཚོ།
- སོ་ཨེ་མ་ཡ་ཨེ་མ་ཡང་གཅིག་སོ་ཡེ།
- དགུན་གསུམ་ཙག་གིས་བདམས་ཡང་།
- སྐམ་པའི་བསམ་པ་ང་མེད།
- ཨེ་མ་ལྷ་རྒྱལ་ལོ།
- ཚིག་དེ་གསུམ་པ་བཤད་ན།
- ཚིག་འདབ་ཕོ་བྲང་དམར་པོ།
- སོ་ཨེ་མ་ཡ་ཨེ་མ་ཡང་གཅིག་སོ་ཡེ།
- ལོ་རྒྱུས་སྡོད་ཡུན་རིང་ཡང་།
- ཞུགས་པའི་བསམ་པ་ང་མེད།
- ཨེ་མ་ལྷ་རྒྱལ་ལོ།
- ཁྱེད་ལ་བཤད་པའི་ཚིག་གསུམ།
- མི་འགྱུར་རྡོ་་རྗེའི་དམ་ཚིག
- སོ་ཨེ་མ་ཡ་ཨེ་མ་ཡང་གཅིག་སོ་ཡེ།
- ཉི་ཟླའི་ངོ་བོ་འགྱུར་ཡང་།
- ཚིག་གསུམ་འགྱུར་བའི་དཔེ་མེད།
- ཉི་ཟླའི་ངོ་བོ་འགྱུར་ཡང་།
- ཚིག་གསུམ་འགྱུར་བའི་དཔེ་མེད།