Skip to main content Skip to search
15 Dec 2011
2 min 7 sec
Rating
0
No votes yet
Audio Overview
Creators: 
Unknown

Description not yet available.

Show More

  • ཆང་གཞས་དགའ་བའི་ལས། 
  • ང་ཚོའི་ལུང་པའི་ཕུ་ན། སྭོའོ་ཡའི། ཡར་ལགས་ཟེ་ན། གསེར་གྱི་ཆུ་གཅིག་འཁྲུངས་ཡོད། སྭོའོ་དགའ་བའི་ལས་མི་སྐྱིད་སྐྱིད་ཡ་ལ་གཏོང་བར་ཕེབས།  ཡར་འགྲོ་ཡར་ལ་དགའ་བའི་ཕུན་ཚོགས་གླིང་ལ་སྐྱིད་སྐྱིད་གཏོང་བར་ཕེབས། ཡར་འགྲོ་ཡར་ལའི་དགའ་བའི་ཕུན་ཚོགས་གླིང་ལ་སྐྱིད་སྐྱིད་གཏོང་བར་ཕེབས།
  • གསེར་ཆུ་གང་འགྲོའི་ས་ལ། སྭོའོ་ཡའི། ཡར་ལགས་ཟེ་ན། ལོ་ཡག་རྩ་བ་ལ་ཚུགས་སོང་ལ། སྭོའོ། དགའ་བའི་ལས་མི་སྐྱིད་སྐྱིད་གཏོང་བར་ཤོག ཡར་འགྲོ་ཡར་ལ་ཕུན་ཚོགས་གླིང་ལ་སྐྱིད་སྐྱིད་གཏོང་བར་ཕེབས། ཡར་འགྲོ་ཡར་ལ་ཕུན་ཚོགས་གླིང་ལ་སྐྱིད་སྐྱིད་གཏོང་བར་འགྲོ