Skip to main content Skip to search
15 Dec 2011
3 min 13 sec
Rating
0
No votes yet
Audio Overview
Creators: 
Unknown

Description not yet available.

Show More

  • ཀོང་པོའི་དམངས་གཞས་ཚེ་རིང་སྐྱིད་པའི་ལམ།
  • གངས་སྟོད་སེང་གེ་ངར་ལ་མོ། ཚེ་རིང་སྐྱིད་པའི་ལམ་བུ་ཡར་ལ་གསན་གསན་པ་གནང་། སེང་གེའི་ངར་ལ་མོ་གཡུ་རལ་ལགས་སོ་ངོམ་སོ་ཆོག་གི་སྒམ་ནས་ལོག། ཨ་ལ་པ་ཊ་ཧའེ། སེང་གེའི་ངར་མོ་གཡུ་རལ་ལགས་སོ་ངོམ་སོ་ཆོག་གི་སྒམ་ནས་ལོག། ཨ་ལ་པ་ཊ་ཧའེ།
  • སྤང་སྟོད་ཤྭ་བ་སྨུག་ལ་ཆུང་། ཚེ་རིང་སྐྱིད་པའི་ལམ་བུ་ཡར་ལ་གསན་གསན་པ་གནང་། ཤྭ་བ་སྨུག་ཡ་ལ་ཆུང་རྭ་ཅོ་ལགས་སོ་ངོམ་སོ་ཆོག་གི་སྒམ་ནས་ལོག། ཨ་ལ་པ་ཊ་ཧའེ། ཤྭ་བ་སྨུག་ཡ་ལ་ཆུང་རྭ་ཅོ་ལགས་སོ་ངོམ་སོ་ཆོག་གི་སྒམ་ནས་ལོག། ཨ་ལ་པ་ཊ་ཧའེ། 
  • བྲག་སྟོད་ཐང་དཀར་རྒོད་ལ་པོ། ཚེ་རིང་སྐྱིད་པའི་ལམ་བུ་ཡར་ལ་གསན་གསན་པ་གནང་། ཐང་དཀར་རྒོད་ལ་པོ་གཤོག་རྩལ་ལགས་སོ་་ངོམ་སོ་ཆོག་གི་སྒམ་ནས་ལོག། ཨ་ལ་པ་ཊ་ཧའེ། ཐང་དཀར་རྒོད་ལ་པོ་གཤོག་རྩལ་ལགས་སོ་ངོམ་སོ་ཆོག་གི་སྒམ་ནས་ལོག། ཨ་ལ་པ་ཊ་ཧའེ།
  • ལྕང་གླིང་བྱིའུ་ཆུང་འཇོལ་ལ་མོ། ཚེ་རིང་སྐྱིད་པའི་ལམ་བུ་ཡར་ལ་གསན་གསན་པ་གནང་། བྱིའུ་ཆུང་འཇོལ་ལ་མོ་གསུངས་སྐད་ལགས་སོ་ངོམ་སོ་ཆོག་གི་སྒམ་ནས་ལོག། ཨ་ལ་པ་ཊ་ཧའེ། བྱིའུ་ཆུང་འཇོལ་ལ་མོ་གསུངས་སྐད་ལགས་སོ་ངོམ་སོ་ཆོག་གི་སྒམ་ནས་ལོག། ཨ་ལ་པ་ཊ་ཧའེ་།