17 Mar 2016
1 min 23 sec
- སྐྱ་སི་ལེ་ནམ་མཁའ་ལངས་དུས།
- ངས་ཡར་ལྟས་ཁྲ་ཡག་རྫ་ཡ་བལྟས།
- ཁ་རང་ང་བལྟ་དོན་མེད་གི་ད།
- ངའི་དར་ཅོག་ཁྲ་ཡག་རྫ་ན་ཡོད།
- དར་ལྕེ་རླུང་དང་རྩེད་གི་ཡོད།
- ལྟ་དགོས་བའི་དོན་ནི་དེ་ཡི་རེད།
- སེར་ཀྱི་ལེ་ཉི་མ་ཤར་དུས།
- ངས་ཕར་ལྟས་ན་མར་གཞུང་ལ་བལྟས།
- ཁ་རང་ལ་ལྟ་དོན་མེད་གི་ད།
- ངའི་འདོ་བ་ན་མར་གཞུང་ན་ཡོད།
- མགོ་སྔོག་ཕྲུག་སྐྱང་དང་རྩེ་གི་ཡོད།
- ལྟ་དགོས་བའི་དོན་ནི་དེ་ཡི་རེད།
- ནག་ལྡེམ་མེ་མུན་མགོ་རུམ་དུས།
- ངས་མར་བལྟས་སྡེ་ཆེན་གྲོང་ལ་ལྟས།
- ཁ་རང་ལ་ལྟ་དོན་མེད་གི་ད།
- ངའི་ཆུང་འདྲེས་སྡེ་ཆེན་གྲོང་ན་ཡོད།
- ཁ་བགད་ནས་སྡེ་དང་རྩེད་གི་ཡོད།
- ལྟ་ནི་དགོས་བའི་དོན་ནི་དེ་ཡི་རེད།