05 Aug 2019
7 min 30 sec
Audio Overview
Creators:
Tashi Gyel
ཨ་མདོ་ས་ཆར་ཁང་བའི་ནང་གི་དཀྱིལ་ཀ་དེ་གལ་ཆེན་ཞིག་ཡིན།
在安多地区,房屋的中柱很重要。
This speech explains the importance of the middle pillar of the house, situating its significance in how it is thought of in Amdo.
སྔོན་གྱི་སྲོལ་རྒྱུན་གྱི་ཤིང་ཁང་ལ་དཀྱིལ་ཀ་ཞིག་ཡོད། དཀྱིལ་ཀ་དེར་གཅན་ཚ་ས་ཆ་རུ་དཀྱིལ་ཀ་ལྷ་མོ་ཡང་ཟེར། དཀྱིལ་ཀ་འདི་ལ་ཁ་བཏགས་འདོགས་པ་དང་རྒྱན་མར་འཇོག་པ། རྩ་བ་ནས་འབག་བཙོག་མི་བྱེད་པར་མ་ཟད་ཐ་ན་དཀྱིལ་ཀ་ནི་གཙང་མ་དང་ཆོས་ལྡན་ཞིག་ཏུ་བརྩི། དེར་བརྩི་བའི་རྒྱུ་མཚན་ནི་རོང་འབྲོག་རྣམས་གྱིས་སྒོ་ཟོག་ཚེ་ཐར་ལ་གཏོང་དུས་དཀྱིལ་ཀ་འདི་ལ་བཏགས་ནས་ཚེ་ཐར་གྱི་ཆོ་ཁ་ཐམས་ཅད་སྒྲུབ་པ་ཡིན།
以前的传统木屋都有一个中柱。中柱在尖扎地区又被称为中柱仙女。人们给中柱戴上哈达,贴上酥油。中柱不能遭到一丁点儿的污染,人们甚至视它为洁净和佛法的象征。这是因为农牧民们在放生牲畜时,通常把牲畜拴在中柱上并举行放生仪式。
- འོད་སྲུང་།དང་པོ་ཡིན་ན་སེམས་ཅན་ལ་དཀྱིལ་ཀ་ཡོད་པ་རེད།
- ཁང་བ་ཡི་ལས་ཕྱོགས་ཀྱིས།
- དཀྱིལ་ཀ་ཟེར་ན་ཁང་བ་ཆེན་པོ་ཚང་མར།
- ཁང་བ་ཆེ་ཆུང་ཚང་མའི་དཀྱིལ་ན་དཀྱིལ་ཀ་ཟེར་བ་ཞིག་ཡོད།
- ཁང་བ་ཆེ་བ་ལ་ཆེ་བའི་དཀྱིལ་ཀ
- ཆུང་བ་ལ་ཆུང་བའི་དཀྱིལ་ཀ
- དཀྱིལ་ཀ་དེ་དཀྱིལ་ན།
- ཁང་བའི་དཀྱིལ་ན་ཀ་བ་ཞིག་ཡོད།
- ཀ་བ་དེ་དགོས་དོན་ཅི་རེད་ཟེར་ན།
- དཀྱིལ་ཀ་དེའི་འདབས་སུ་ཚེ་ཐར་མང་པོ་གཏོང་དགོས་པས།
- རྟ་ནོར་ར་ལུག་ལ་སོགས་པ་ཐམས་ཅད།
- དཀྱིལ་ཀ་དེར་འདོགས་དགོས་པས།
- ཀ་བ་དེ་འདི་ལྟར་བརྟན་པོར་འདུག་དགོས་པའི་རྐྱེན་གྱིས།
- འདི་དགོས་པ་རེད།
- དེ་ན་དཀྱིལ་ཀ་འདི་ཅི་རེད་ཟེར་ན།
- སྟེང་དུ་མདའ་བསྟད་མདུང་བསྟད།
- སྲུང་འཐེན་པ་དང་།
- དཔེར་འཇོག་རྒྱུ་ན་ད་ལོར་ལོ་ཡག་སྙེ་མ་ཡོང་རྒྱུ་ན།
- ལོ་ཡག་སྙེ་མ་དེ་བཏོག་ནས་ཁྱེར་ཡོང་སྟེ།
- དཀྱིལ་ཀ་ཡི་སྲུང་གི་ནང་དུ་གསེབ།
- བརྒྱན་བཏང་བ་དང་།
- འདི་འདྲ་བྱས་ནས་ཉི་མ་དུས་བཟང་ལ་གསེར་གྱིམ་མཆོད།
- དེ་ལྟར་བྱས་པ་རེད།
- དེ་ཡིན་ན་བུ་མོ་གནས་ལ་འགྲོ་བ་ཡིན་ན་ཆོག་གི
- བན་དེ་སྒར་ལ་འགྲོ་བ་ཡིན་ན་ཆོག་གི
- འགྲོ་དུས་དཀྱིལ་ཀ་ལྷ་མོ་ལ་སྐྱབས་འཇུག་ཞུས་ཏེ།
- དེ་ལྟར་འགྲོ་བ་དེ་འདྲ་ཞིག་ཡིན་པ་རེད།
- དེ་ཡིན་ན།
- དཀྱིལ་ཀ་དེའི་ལྷ་ཡི་ནང་རྟེན་ལ།
- ཐོག་དང་པོར་ཡང་བཤད་གི་བསྡད་པ་རེད།
- དཀྱིལ་ཀ་དེའི་ནང་རྟེན་ལ།
- དུང་གི་ཐུགས་རྗེ་ཆེན་པོ།
- བྱུ་རུའི་ཚེ་དཔག་མེད་མགོན།
- གཡུ་ཡི་སྒྲོལ་མ་གསུང་བརྗོད་དེ་ཚོ་ནི།
- དཀྱིལ་ཀ་ལྷ་མོའི་ནང་རྟེན་ལ།
- དེ་ཚོ་བཞུགས་པ་རེད།
- དེ་ཚོ་བཞུགས་ན་གང་ལྟར་ཀྱང་།
- དེ་རིང་རྟ་ཞིག་ལ་སྲུང་འཐེན་རྒྱུ་ན།
- དེ་རིང་ཉི་མ་བཟང་པོ་དུས་ཆེན་རེད།
- རྟ་ཞིག་ལ་སྲུང་འཐེན་རྒྱུ་ན།
- ལྷ་རྟ་དཀར་པོ་ཟེར་བ།
- ལྷ་དཀོན་མཆོག་གསུམ་པོ།
- གང་ལྟར་ཀྱང་ལྷ་རྟ་དཀར་པོ་ཞིག་འཐེན་པ་རེད།
- ལྷ་རྟ་དཀར་པོ་དེར་སྲུང་འཐེན་དུས།
- སྔོན་ནས་ཆུ་ནག་ཞིག་གིས་བཀྲུས་པ་དང་།
- དེ་ནས་ཆུ་དཀར་ཞིག་གིས་བཤལ་བ་དང་།
- དེ་ནས་དེའི་སྟེང་དུ་གོས་བཏགས་དཀར་པོ་ཞིག་གིས་བཏེག་པ།
- དེ་ལྟར་བྱས་ཏེ་ཆུ་ནག་ཞིག་གིས་བཀྲུས་ཏེ།
- ཆུ་དཀར་ཞིག་གིས་བཤལ་ཏེ།
- དེའི་འཕྲོ་ནས་སྟེང་དུ་བརྒྱན་གཏོང་བ་དང་ཤུག་གདུ་བརྒྱབ་ནས།
- དེའི་འཕྲོ་ནས་སྲུང་རྟགས་བཏགས།
- སྲུང་རྟགས་འདོགས་སོ་དྲག་པ་གཡས།
- ང་ཚོའི་གཡས་ལ་འདོགས་དགོས།
- གཡས་ལ་འདོགས་དགོས།
- གཡས་ལ་བཏགས་ན་ལྷ་རྟ་དཀར་པོ་ཁྱོད།
- ལྷ་དཀོན་མཆོག་གསུམ་པོ་ཡི།
- སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ།
- ལྷ་རྟ་དཀར་པོ་ཡིན།
- བསྟནན་པ་ཡུན་རིང་དུ་གནས་དགོས་ཞེས།
- ལྷ་རྟ་དཀར་པོར་སྲུང་དེ་ལྟར་འཐེན་པ་རེད།
- དེའི་འཕྲོ་ནས་མར་ཡོང་ན།
- དཔལ་ལྡན་ལྷ་མོར་འཐེན་པ་རེད།
- དཔལ་ལྡན་ལྷ་མོར་ཟོག་ལུག་ཅི་ཞིག་ཡིན་ན།
- ཁྲ་ཁྲ་རུ་གཏོང་དགོས།
- ཁོ་ནི་མོ་རྒྱུད་ཚང་ཡིན་པས་ཡང་ཁྲ་ཁྲ་ལ་འདང་ཆེ་བ་རེད།
- ཁྲ་ཁྲ་འཐེན་དགོས་པ་རེད།
- ཡང་རང་བཞིན་དེ་རེད།
- སྟེང་དུ་ཆུ་ནག་གིས་བཀྲུས།
- ཆུ་དཀར་གྱིས་བཤལ།
- དེའི་མི་ཚད་རྒྱན་བཏང་བ་དང།
- ཤུག་གདུ་བརྒྱབ་ནས།
- སྲུང་རྟགས་བཏགས་པ་དང་།
- རྭ་ཅོ་མགོ་ཚང་མར་མར་གྱིས་བརྒྱན་པ་དང་།
- ཁ་མིག་ཐམས་ཅད་ལ་མར་གྱིས་བརྒྱན་བཏང་བ་དང་།
- ཁྲ་ཁྲ་བཅོས་པ།
- ལུས་དང་བཅས་པ་ཁྲ་ཁྲ་བཅོས།
- འདིའི་སྟེང་འདི་ནས་ཐག་པ་དཀར་པོ་ཞིག་གིས།
- འདི་ལྟར་དཀྱིལ་ཀ་དེར་བཏགས་ཡོད།
- བཏགས་ཡོད་ན།
- བོད་ཁ་བ་ཅན་གྱི་བསྟན་པའི་ལྷ།
- མཁའ་འགྲོ་ཆོས་སྐྱོང་སྲུང་མ།
- མ་གཅིག་དཔལ་ལྡན་ལྷ་མོ།
- ཁྱེད་ཚང་གི་ཚེ་ཐར་ཡིན་ཟེར།
- དཔལ་ལྡན་ལྷ་མོར་དེ་ལྟར་འཐེན་པ་རེད།
- དཔལ་ལྡན་ལྷ་མོའི་ཚེ་ཐར་རེད།
- དེའི་འཕྲོ་ནས་ཁྱེད་ཚང་གི་ཨ་ཕ་ཡིན་ན་ཆོག་གི
- ཁྱེད་ཚང་གི་ཕུ་བོ་ཡིན་ན་ཆོག་གི
- ཁྱེད་ཚང་གི་ཨ་མ་ཡིན་ན་ཆོག་གི
- ཁྱེད་ཚང་གི་ནུ་མོ་ཡིན་ན་ཆོག་གི
- བཟའ་ཕ་མ་བུ་གསུམ་གྱི་ཚེ་ཐར་ལ།
- མི་རེ་རེ་ལ་མིང་བཏགས་ཏེ་འཐེན་པ་རེད།
- དེའི་འཕྲོ་ནས་ཨ་མྱེས་དམ་ཆེན་ལ་རྟེན་ཡོད་པ་དག་གིས།
- ཨ་མྱེས་དམ་ཆེན་ལ།
- ར་ཁམ་ཁམ་ཞིག་ལ་ཚེ་ཐར་གཏོང་དགོས་པ་རེད།
- དེ་དེ་འདྲ་ཞིག་རེད།
- དེའི་འཕྲོ་ནས་ཨ་མྱེས་ཡུལ་ལྷ་ལ་འཐེན་ན།
- ར་རོག་རོག་ཞིག་ལ་འཐེན་དགོས།
- དམ་ཆེན་ཡུལ་ལྷ་གཉིས་ལ་འཐེན་ན།
- དམ་ཆེན་ཡུལ་ལྷ་འདི་ལ་འཐེན་པ་ཅི་རེད་ཟེར་ན།
- ཞིང་ལས་པ་རེད།
- ཞིང་ལས་པ་ཡིན་ན་ཁྱིམ་པ་བ་ཡི་ལས་ཀ་འདི།
- འཇིག་རྟེན་པ་འདི་ལ་རག་ལས་དགོས་པས།
- དམ་ཆེན་ཡུལ་ལྷ་ལ་རེ་དགོས།
- དར་གོས་འཐེན་དགོས་པ་རེད།
- དམ་ཆེན་ལ་ར་ཁམ་ཁམ་ཞིག་དང་།
- ཡུལ་ལྷ་ལ་ར་རོག་རོག་ཅིག་དེ་ལྟར་འཐེན་དགོས།
- དེའི་འཕྲོ་ནས་རང་གི་བཟའ་ཕ་མ་བུ་གསུམ་ལ་མིང་བཏགས་ཏེ།
- འདི་ཨ་ཕ་ཡི་ཚེ་ཐར་ཡིན།
- འདི་ཨ་མ་ཡི་ཚེ་ཐར་ཡིན།
- འདི་ཕུ་བོ་ཡི་ཚེ་ཐར་ཡིན།
- འདི་མནའ་མ་ཡི་ཚེ་ཐར་ཡིན།
- འདི་སྲིང་མོ་ཚོའི་ཚེ་ཐར་ཡིན།
- འདི་ལྟར་རེ་རེ་བཞིན་བྱིས་པ་ཡིན་ན་ཡང་།
- མིང་བཏགས་ཏེ་དཀྱིལ་ཀ་གོར་མོ་བཏགས་པ་དང་།
- སྟེང་དུ་དཀར་ཡོལ་ཞིག་གིས་རྐེད་བརྒྱབ་སྟེ།
- དཀྱིས་ཀ་གོར་མོ་འདི་ལྟར་བཏགས་ཏེ།
- ཆུ་ནག་གིས་བཀྲུས་ཆུ་དཀར་གྱིས་བཤལ།
- ཆུ་དཀར་དྲངས།
- མར་གྱིས་རྒྱན་བཏང་།
- དེའི་འཕྲོ་ནས་ཤུག་གདུ་བརྒྱབ་ནས།
- སྲུང་རྟགས་དེ་ལྟར་འདོགས་དགོས།
- སྲུང་རྟགས་བཏགས་ན་སྲུང་རྟགས་འདི་གཡས་ལ་འདོགས་དགོས།
- དེ་ཡིན་ན་རང་གི་དཀྱིལ་ཀ་ལྷ་མོར་སྐྱབས་འཇུག་ཞུས་ན་ཡང་།
- འདི་འདི་ཡི་ཚེ་ཐར་ཡིན།
- འདི་འདི་ཡི་ཚེ་ཐར་ཡིན།
- འདི་གན་གི་ཚེ་ཐར་རེད།
- མིང་བཏགས་ནས་བཞག་སྟེ་ཞུ་བ་བྱེད་དགོས་པ་རེད།
- དཀྱིལ་ཀ་ལྷ་མོ་ཡིན་རྒྱུ་ན།
- འདིའི་སྟེང་འདི་ནས་མི་ལ་ན་ཚ་མེད་པ།
- ཕྱུགས་ལ་གོད་ཁ་མེད་པ།
- ལོ་ཏོག་ལ་སེར་བ་མེད་པ།
- འདིའི་སྟེང་ནས་ཁ་ལས་རླུང་རྟ།
- ཁ་ལས་མེ་ལྕེ་འབར་འབར་བྱེད་རྒྱུ།
- རླུང་རྟ་རྟ་རྒོད་རྒྱུགས་རྒྱུགས་བྱེད་པ།
- ཕྱིའི་དགྲ་འཛིན་དགོས་པ་དང་།
- ནང་གི་སྲིབ་གཅོད་དགོས་པ།
- ལྷ་མཁའ་འགྲོ་ཆོས་སྐྱོང་སྲུང་མ།
- མི་མངོན་ཡོང་བ།
- དུས་རྣམ་ཀུན་ཏུ་འདོད་པ་ཐམས་ཅད་དབྱར་མཚོ་བཞིན་དུ་རྒྱས་པ།
- མི་འདོད་པ་ཐམས་ཅད་ལྷག་མེད་དུ་མེད་པ།
- དཀྱིལ་ཀ་ལྷ་མོ།
- དཀོན་མཆོག་གསུམ་པོ་ཆོས་སྐྱོང་སྲུང་མ།
- ཁྱེད་རྣམ་པའི་ཐུགས་ལས་དུས་ནམ་ཡང་མི་དོར་བ།
- མཁྱེན་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པ་ལེགས།
- དཀྱིལ་ཀ་ལྷ་མོའི་རྒྱུ་མཚན་ཚར་སོང་བ་རེད།