16 Mar 2016
2 min 5 sec
- ཤར་ཕྱོགས་རི་བོའི་རྩེ་ནས། ཀེ་སང་རོ།
- དཀར་གསལ་ཟླ་བ་ཤར་བྱུང་། ཀེ་སང་རོ།
- མ་སྐྱེས་ཨ་མའི་ཞལ་རིས། ཀེ་སང་རོ།
- ཡིད་ལ་ཡང་ཡང་འཁོར་བྱུང་།
- ཀེ་སང་ཡར་འགྲོ་རོ།
- བྲིས་པའི་ཡི་གེ་ནག་ཆུང་། ཀེ་སང་རོ།
- ཆུ་དང་ཐིགས་པས་འཇིག་སོང་། ཀེ་སང་རོ།
- མ་བྲིས་སེམས་ཀྱི་རི་མོ། ཀེ་སང་རོ།
- བསུབ་ཀྱང་བསུབ་རྒྱུ་མི་འདུག
- ཀེ་སང་ཡར་འགྲོ་རོ།
- དབུས་ཀྱི་རི་རྒྱལ་ལྷུན་པོ། ཀེ་སང་རོ།
- མ་འགྱུར་བརྟན་པོ་བཞུགས་དང་། ཀེ་སང་རོ།
- ཉི་མ་ཟླ་བའི་འཁོར་ཕྱོགས། ཀེ་སང་རོ།
- ནོར་ཡོང་བསམ་པ་མི་འདུག
- ཀེ་སང་ཡར་འགྲོ་རོ།
- ཉི་མ་ཟླ་བའི་འཁོར་ཕྱོགས། ཀ་སང་རོ།
- ནོར་ཡོང་བསམ་པ་མི་འདུག
- ཀེ་སང་ཡར་འགྲོ་རོ།