Audio Overview
This old Boedra song Doelma Micha Doelma Chag was sung by Choden, a classical Bhutanese singer from Trongsa district and it was sung in Karma studio. The song basically describes the location of elements, figures and other renouned animals where they are designated places. Firstly it figure out that the sun is shined from the sky, snow lion at the high mountains, stag in beatiful medow, golden fish in the lake, religious masters in monastery, kings at the fortress and parents at the country.
ཀྲོང་གསར་ལས་ ཆོས་སྒྲོན་གྱི་ ཐིམ་ཕུ་ ཀརྨ་གློག་བརྙན་ཁང་ནང་ལུ་ བོད་སྒྲའི་གླུ་གཞས་ སྒྲོལ་མ་མི་ཆགས་སྒྲོལ་མ་ཆགས་ཟེར་མི་འཐེན་དོ་ཡོདཔ་ཨིན། གླུ་གཞས་འདི་གིས་ མི་གལ་ཅན་དང་ སེམས་ཅན་ དེ་ལས་རང་བཞིན་གནས་སྟངས་ཚུ་གི་ སྡོད་གནས་ཀྱི་སྐོར་ལས་བཤད་དོ་ཡོདཔ་ཨིན། དེ་ཡང་ གླུ་གཞས་ཀྱི་ཚིག་ནང་ལུ་ ཁྲི་གདུགས་ཉིམ་ཤར་ས་འདི་ གནམ་མཁའི་སྦུག་ལུ་དང་ སེང་གེ་དཀར་མོ་འདི་ སྡོད་ས་འདི་ གངས་ཆེན་གུ་ལུ་དང་ ཤཝ་ཕོ་འཁྱམས་ས་འདི་ སྤང་ཐང་ནང་ལུ་ གསེར་ཉ་འདི་ རྒྱ་མཚོ་ནང་ལུ་དང་ བླམ་ཆོསཔ་འདི་ལྷ་ཁང་ནང་ལུ་ དེ་ལས་ རྒྱལ་པོ་འདི་ ཕོ་བྲང་ནང་ལུ་དང་ ཕམ་ཚུ་ གནས་ས་འདི་ རྒྱལ་ཁབ་ནང་ལུ་ཨིན་ཟེར་ཨིན་མས། གླུ་གཞས་འདི་ སྒྲོལ་མ་གྱི་སྐོར་ལས་བཤདཔ་ཨིན་རུང་ སྒྲོལ་མ་འདི་ བུམ་སྒྲོལ་མ་དང་ རྗེ་བཙུན་སྒྲོལ་མ་ག་ལུ་གོཝ་ཨིན་ན་ ཧིང་སང་ས་སྦེ་མེདཔ་ཨིན་མས།
- ཆོས་སྒྲོན[མགྲོན་མ་?]མི་ཆགས་[མགྲོན་མ་?]ཆགས་ལ་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནདགུང་སྟོད་མི་ཆགས་དགུང་སྟོད་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནདགུང་དང་ལ་ཁྲི་གདུགས་ཉི་མ་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོན[མགྲོན་མ་?]མི་ཆགས་[མགྲོན་མ་?]ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནགངས་སྟོད་མི་ཆགས་གངས་སྟོད་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནགངས་དང་ལ་སེང་ཆེན་དཀར་མོ་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནསྤང་སྟོད་མི་ཆགས་སྤང་སྟོད་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནསྤང་དང་ལ་ཤཝ་རྒས་རྭ་བཅུ་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནམཚོ་སྟོད་མི་ཆགས་མཚོ་སྟོད་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནམཚོ་དང་ལ་གསེར་མི་ཉ་མོ་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནདགོན་ས་མི་ཆགས་དགོན་ས་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནདགོན་དང་ལ་མཚན་ལྡན་བླ་མ་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནརྫོང་ཆེན་མི་ཆགས་རྫོང་ཆེན་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནརྫོང་དང་ལ་དབང་ཆེན་དཔོན་པོ་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནགཡུས་བཟང་མི་ཆགས་གཡུས་བཟང་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོནགཡུས་དང་ལ་ཡབ་ཡུམ་གཉིས་ཀུ་ཆགས་ཆགས་ལ་གསེར་ཆགས། །
- ཆོས་སྒྲོན[མགྲོན་མ་?]མི་ཆགས་[མགྲོན་མ་?]ཆགས་ཆགས་ལ་གསེར་ཆགས།། །།