24 Mar 2016
60 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- ཁ་རྒྱ་གཞི་འདྲ་ཞིག་བཀུག
- རྔ་མ་སྦོམ་ལོག་འདྲ་ཞིག་མདུད།
- རྟ་ཕོ་རྒྱུགས་ལུགས་འདྲ་རུང་།
- ར་བཞིའི་སྐོར་སྟངས་ཁ་ཁ་ཡིན།
- སྔ་དྲོ་ཤ་ཡིན་ཟེར་ནས་མགོ་ར་དར་འཛེར།
- ཕྱི་དྲོ་རྒོ་ཡིན་ཟེར་ནས་འཕུང་ལ་རྩམ་སྐྱ་འདྲེད།
- ཁྲུང་ཁྲང་དཀར་མོ་གནམ་གི་རྒྱུད།
- ཕོ་རོག་ནག་པོ་ས་ཡི་རྒྱུད།
- ཕོ་རོག་ནག་པོའི་སྡུག་སྒྲུབ་གིས།
- བྱ་ངང་པ་སེར་པོ་འདམ་ལ་གཡུག
- བསོད་ཟད་མིག་གིས་ཡར་ལ་བལྟས།
- ལ་ཁའི་རྡོ་ལུ་ཟུར་ལ་འགྲིལ།
- ཁྲག་གྲོད་ནང་གི་ཐུར་མ་འདི།
- ཁུག་ན་ཡོད་ནོ་འབུར་ལ་ཕུད།
- ཕར་བཤད་ཚིག་གི་འཕྱར་རི།
- ཚུར་བཤད་ཚིག་གི་འཕྱར་ལོང་།
- ཚེར་མ་ཁུར་གི་ཁུར་གདན་དགོས།
- རྟ་རེ་གཡུག་གི་སོག་གདན་དགོས།
- ཕོ་སེམས་བཙོན་ལ་བཟུང་ནས་མདངས་རྒྱོབ།
- བྱང་དཀར་ཐང་ལ་བཀོད་ནས་ཐིག་རྒྱོབ།
- གྱོད་མགོ་རྐང་བཤད་བྱེད་ཚིག་རེད།
- འདིའི་བར་འདི་གཟི་དང་དཔུང་བ་རེད།
- དེའི་མཐའ་མ་འདི་ཕྱི་མདོ་འགག་རེད།
- ཕོ་ངན་ཚིག་ག་ནང་ལ་ཟོས།
- རིགས་ངན་ཁ་སྤུ་ནང་ལ་གཡོན།
- བཅག་བཅུག་རྫ་མའི་ཐོག་ལ་གཡུག།
- མགོ་མི་གཅིག་གི་ཞ་ལུང་ཁ་ཁ་རེད།
- དཔོན་མི་གཅིག་གི་སྡེ་བ་ཁ་ཁ་རེད།