24 Mar 2016
1 min 9 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- བྱ་ཁུ་ལོ་གྲག་གི་ཉིན་ཐང་ལ།
- སྒྲོ་ཆར་ཆུ་འབབ་གི་དུས་བབས་རེད།
- ཞེ་ལྡིང་སྦྲུལ་གི་འཇིགས་ཆ་མེད་ན།
- སྦལ་བ་རྒྱལ་པོའི་བཙོག་མདངས་སྟོན་ནི་རེད།
- ཤར་རྨ་རྒྱལ་སྦོམ་ར་དབུ་རྩེ་བཅོ་བརྒྱད་ཡོད་ན།
- དེ་དབུ་ཞྭ་བཅོ་བརྒྱད་ཡོད།
- རྨད་མདོ་ཁམས་སྒང་དྲུག་ལ་ཆག་བཅོ་བརྒྱད་ཡོད་ན།
- དེ་ཆག་ལྷམ་བཅོ་བརྒྱད་ཡོད།
- དེ་ཡ་ལུང་ཨ་མཆོད་འདྲེ་ལོག
- སྟེན་མའི་གླང་སྒ་མགོ་ལོག
- གླང་རྒའི་ཆན་ཆོན་རྐེ་གྱོན་ཟེར་བའི་དཔེ་ལྟར།
- ཐག་ངན་ཐག་མགོ་བླུག་རག་ག
- བྲུག་ངན་སྣོད་ལ་བསྡུ་རྒྱུའི་དགའ།
- གྱོད་པའི་མི་བཤད་དགུ་བཤད།
- གཟུ་བའི་མི་ཚོར་དགུ་ཚོར།
- ལོ་རྒྱུས་དོན་གྱིས་མ་བཤད་ན།
- གསང་ཆེན་གནས་པའི་བརྡ་ཡིན་རུང་།
- ཡིད་མི་ཆེས་པའི་ལོ་རྒྱུས་རེད།
- གོམ་གསུམ་གོམ་པ་མ་སྤོས་ན།
- སྒོ་ཕྱི་་ཁྱིམ་ཡིན་རུང་ཐོན་མི་ཐུབ།
- ཚིག་གསུམ་སྐད་ཆ་མ་བཤད་ན།
- ཕ་བུ་ཡིན་རུང་བརྡ་མི་གྲོལ།
- གྱོད་པ་ཁ་བཙན་ཆེ་རྒྱུ་འདི་གཟི་བའི་ལན་རེད།
- ཆུ་ཆེན་གཉེར་མ་མང་རྒྱུ་འདི་རླུང་གི་ལན་རེད།
- སྡེ་སྟོད་མ་རྐྱང་འབྲོང་གི་ས།
- སྡེ་རྨད་མ་འབྲུ་དྲུག་གི་སྡེ།
- ཨ་ཅག་འབྲུ་ཡི་གདོང་རྒྱུད།
- ཤར་གཉན་པོ་གཡུ་རྩེའི་བླ་བུ།
- ཕ་ཞིང་རྒྱ་ཚ་ཞལ་དཀར།
- མ་ཞིང་འདན་མ་བྱང་ཁྲ།
- མགོ་ལོག་ཨ་རྐྱོང་གི་རྒྱུད་པ།
- ནག་ཚལ་དཔོན་གྱི་རྒྱུད་པ།
- དབང་ཆེན་འབུམ་པ་ཁ་གསུམ།