24 Mar 2016
1 min 6 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- གནས་ལུགས་འདིའི་སྟེང་དེད་ནས་བཤད་ན།
- སྟོད་ཤར་གྱི་ཤ་རྐྱ་དེད་རབས།
- ཤ་མར་ཤོད་ལ་ཕབ་རབས།
- ཕ་ཕྱུག་པོས་བེའུ་ལུག་འཚོས་རབས།
- འཚོ་མ་ཤེས་མུག་པས་ཤུ་རབས་ཀྱི་ལོ་རྒྱུས་ཡོད་དགོས།
- བྲིས་པའི་ཡི་གེ་ནགས་ཤུལ་རེ་རྒྱགས་དགོས།
- བརྒྱབ་པའི་ཐམ་ཀ་དམར་གམ་མེ་རྒྱགས་དགོས།
- བྱ་རྒྱལ་གནམ་ལ་འཕུར་གི་གཤོག་ཡས་ཡོད་དགོས།
- ཁྱུང་ཕྲུག་སར་འབབ་པའི་སྡེར་མོ་ཡོད་དགོས།
- ཤར་རྨ་རྒྱལ་སྦོམ་ར་རྩམ་པའི་ལོག་ན།
- མགྲོན་པོའི་ཟ་ཚོད་སྡེར་མ་གང་།
- ཤ་གདམས་ལག་པ་གཡོན་དགོས།
- གྲི་གདམས་ལག་པ་གཡས་དགོས།
- ཚིག་ཨ་ཕས་བཤད་པ་ཨ་མས་བཤད།
- ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག་ཟེར་བའི་དཔེ་ཡོད།
- ཡ། ལྷ་རྟ་རྐྱང་ལུ་ཡན་ན་ཆགས་འཇོག་མེད་ས།
- རླུང་ནག་འཚུབ་མ་མན་ན་འདྲན་ཡ་མེད་ས།
- རྟ་ཕོ་བདུན།
- བྲག་དཀར་ཐོག་གིས་གཏོར་འདྲ།
- བྱེའུ་ཆུང་ཁྲ་ཡིས་དེད་འདྲ།
- སྐུ་ཆེན་རི་རྒྱལ་ལྷུན་པོ་རེད།
- ཡིད་མུག་ན་ཨ་སྦའི་རིལ་མ་རེད།
- ཡོན་ཏན་སྣེ་ལོ་གང་མེད་ནས།
- དགྲ་བརྒྱག་སླེ་བོ་གང་ཕུད།
- གཡུ་འབྲུག་སྔོན་མོ་སྤྲིན་ནང་ནས་སོང་ན་སྤྲིན་བརྒྱན་བྱེད་རེད།
- ཁྱི་རྒན་རྒྱ་ལི་ལམ་ནང་ནས་བརྒྱུགས་ན་རྡོ་ལོག་ཉོ་སྤྱད་རེད།