24 Mar 2016
58 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- ཝ་ཤུལ་དཔོན་ཚང་།
- ཁྲིམས་ར་བ་དན་གོང་མ།
- ཁྲིམས་དཀར་པོའི་ཆོན་ཐག་རྒྱོང་ས།
- རྟ་རག་དཀར་གཡས་བཏགས་གཡོན་བཏགས།
- གོས་ཕུ་ཐུང་གཡས་འཕེན་གཡོན་འཕེན་བྱེད་ས།
- གུར་དཀར་ཆུང་མིན་ནས་མགོ་སྒུར་མ་མྱོང་།
- ལྷ་བླ་མ་མིན་པའི་ཕྱག་མཚལ་མ་མྱོང་།
- ཡིན་ནི་ཡིན་ན།
- དགྲ་སེམས་ཀྱིས་ཐུབ་དུས་དཔའ་བོ་རེད།
- དུག་ཕོ་ནས་ཞུ་དུས་བདུད་རྩི་རེད།
- མི་ངན་ཡུལ་ན་མེད་ན་ཡུལ་གཙང་།
- རྟ་ངན་སྒོ་ན་མེད་ན་སྒོ་གཙང་།
- ཁ་ལྷན་ཏུ་གྲགས་ནས་ཁ་བརྡ་བྱེད་དགོས།
- མགོ་ལྷན་ཏུ་བཞག་ནས་སྙིང་གཏམ་བཤད་དགོས།
- བཤད་ནི་ཡིན་ན་གཟི་བ་གཟའ་བདུད་ཀྱི་ངོ་འཚོས།
- གྱོད་པ་གནམ་ལྕགས་ཀྱི་ཐོག་ཡོད་ས།
- ངོ་རིག་ན་ངུ་ཁ་ལུག་ས།
- རྒྱབ་རིག་ན་རྒྱུད་པ་འདར་ས།
- ཚིག་ལ་བདེན་མེད་ན།
- རྫུན་ལ་འདྲ་ཆགས་དགོས།
- བཤད་ནི་ཡིན་ན།
- དཔོན་ཁྲི་ཐོག་གི་བསྡད་ན།
- བློན་རྟ་ཐོག་གི་བསྡད་ནི་ཡིན་ན།
- བཤད་ན་གཏམ་གྱི་ཡར་དགའ་རྒྱ་ཆེ་བ།
- ཚིག་གིས་ཚིག་རྒུལ་རྒྱུ་རེད།
- ཉི་མས་ཤུག་རྒུལ་རྒྱུ་རེད།