24 Mar 2016
1 min 5 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- བདེན་དོན་རྡོ་བསྒྲིག་བསྒྲིག།
- གནས་ལུགས་ཆུ་བཞུར་བཞུར།
- གནམ་གི་ཆར་ཐིག
- ས་ཡི་གས་ཀ།
- འཇག་མའི་ཕུག་དུང་།
- གང་རུང་དཔྱད་པ་ཕོག་དགོས།
- གཟི་བ་གཟའ་བདུད་ཀྱི་ངོ་ཐིག་ས།
- གྱོད་པ་གནམ་ལྕགས་ཐོག་ཡོད་ས།
- གྱོད་འགོ་དམར་ཆེན་གཏོར་མའི་རྩེ་བཅའ་བྱེད།
- གྱོད་སྔ་རས་བཤར་ཁྲ་མོའི་གདན་བཏང་བྱེད།
- མགོ་ཐུར་ལ་བཀུག་བྱེད་དགོས།
- གདན་གྱེན་ལ་བཏང་བྱེད་དགོས།
- ཤ་ཞི་བག་པ་ཐང་ལ་བཅད།
- ཤ་མཐའ་གོར་མོ་རྡོ་ཡིས་མནན།
- གར་འཐེན་མ་མོའི་བག་པ།
- གང་ནས་བཞག་ན་ཤིག་སེ་ཡོད།
- བྱང་རི་རབ་རྒྱལ་པོ་འདམ་ལ་ཟུག་ན།
- ལུས་ལྷུ་དྲུག་མི་གཏོང་ལེན་ལུགས་ཤོད།
- བྱ་ངང་དཀར་རྒོང་པ་རྡོ་བརྒྱབ་ན།
- མི་ཆག་རྟ་རྔ་ཉག་གཅིག་གི་སྐྱེ་ལུགས་བཤད་དགོས
- དྲི་བཞི་མ་འདྲ་ལུགས་དགོས།
- གོར་ལུ་མ་སྐོར་ལུགས་ཡོད་དགོས།
- རྨ་བྱ་སྨུག་པོའི་སྒྲོ་ཅན།
- གསེར་ནག་གྲུ་བཞིས་ཐམ་ཅན།
- བྱུ་རུ་དམར་པོའི་ཏོག་ཅན་ཡིན་དགོས།
- དགོས་ནི་ཡིན་ན།
- ཐིག་ནག་གི་རྩེ་མཐོང་ས།
- གཟི་མདངས་ཀྱི་སྐད་གོ་ས་ཞིག་ལ་སོང་ནི་ཡིན་ན།