24 Mar 2016
1 min 3 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- བཤད་ནི་ཡིན་ན།
- སྟོད་ཤར་གྱི་ཤར་རྐྱ་དེད་རབས།
- ཤ་མ་སོད་རྨོན་པ་སྡུག་རབས།
- ཕ་ཕྱུག་པོས་བེའུ་ལུག་འཚོས་རབས།
- འཚོ་མ་ཤེས་མུག་པས་ཤི་རབས།
- བྲེ་བཙན་སྒང་གིས་བཤས་ན།
- གཟུགས་བཞི་ཞོར་ལ་འབབ་ནི་རེད།
- ཡིན་ནི་ཡིན་ན།
- དགུར་པོ་དཀྱིལ་ནས་བཞག་ན།
- མཁས་པས་མཐའ་ནས་དཔྱད་ནི་རེད།
- བདེན་རྫུན་དཔེ་ཆ་ལག་ན་ཡོད།
- གཤིན་རྗེའི་རྒྱ་མ་རྐེད་ན་ཡོད།
- སེང་གེ་ཡ་ཐོད་མགོ་ན་ཡོད།
- ཤེས་རབ་རལ་གྲི་སྐེག་ན་ཡོད་དགོས།
- མཁས་པའི་ཡོན་ན་ཁོག་ན་ཡོད་དགོས།
- ཡོད་ནི་ཡིན་ན།
- ཚིག་རྐེད་ཚིག་གིས་ལེན་དགོས་གི།
- ཚིག་རོགས་ཚིག་གིས་གཅད་དགོས་གི།
- ཚིག་མཐའ་ཚིག་གིས་ལེན་དགོས
- སྐྱེས་ཕོ་རབས་ཅིག་གི་བསྟོད་པ་རྣམ་གསུམ་བཤད་ན།
- གླག་རོགས་མོས་རི་རྩུབ་ཉུལ་འདྲ།
- གཅོད་གི་གཅོད་གི་ཇེ་མཐོ་ཡིན་དགོས།
- གཤོག་རྩལ་བྲག་ལ་མི་ཐུག་པའི་ཡིད་ཚོད་ཡོད་དགོས།
- སྐྱེས་ཕ་འབྲང་ཞིག་གི་བསྟོད་པ་རྣམ་གསུམ་བཤད་ན།
- རྒོད་ཐང་ལིས་ནམ་འཕང་གཅོད་འདྲ་དགོས།
- སྒྲོ་སྣེ་ནགས་ལ་མི་ཐིག་པའི་གཤོག་རྩལ་ཡོད་དགོས།
- སྐྱེས་ཕོ་ངན་ཞིག་གི་གཏམ་ཞིག་བཤད་པ།
- ཕུག་རོན་སྔོན་མོས་རྒུན་འབུ་ཐུལ་འདྲ།
- སྒུར་སྒུར་ནས་ཟ་དགོས་གི།
- བཟུར་བཟུར་ནས་ཉན་དགོས་གི།
- ད་རུང་སྔ་སྒྲོ་མཐོ་ས་མ་ཞག་ན་འཕུར་མི་ཐུབ་གི