24 Mar 2016
1 min 12 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- ཁྱོད་ཤ་བོ་ར་ལུགས་ཅན་ལ་འགྲོ་ལུགས་བཅོ་བརྒྱད་ཡོད་ན།
- ང་རྨོན་པ་བོའུ་ཁུར་ལ་སྒུག་ལུགས་ཉི་ཤུ་ཡོད་རྒྱུ་རེད།
- ཁྱོད་སྒང་ཁའི་རྒོ་བོས་འདྲོག་སྟངས་ལ་བལྟས་ན།
- ང་རྨོན་པ་རྒན་པོས་ཤ་ཁ་མི་ཡོང་བསམ་རྒྱུ་རེད།
- རྨོན་པ་རྒན་པོས་བོའུ་ར་སར་སྡེབ་ལུགས་ལ་བལྟས་ན།
- སྒང་ཁའི་རྒོ་བོའི་རྩྭ་ཁ་མི་ཡོང་བསམ་རྒྱུ་ཞིག་རེད།
- རྟ་རྒན་རྒྱབ་ཀྱི་གཤི་ཁེབ་མ་འདི།
- བཀབ་ན་མི་གོ་བཀོག་ན་གོ།
- མི་ངོ་གནམ་ངོ་འཚོ་འཚོ།
- མི་སྐད་བྱ་སྐད་ཉན་ཉན།
- དབང་མི་ལག་རེད།
- སྐྲ་ཤིང་ལག་རེད།
- མགོ་བཏེགས་ན་ཀླད་པ་བྲག་རེད།
- མགོ་བསྒུར་ན་མ་ནེ་ཆུ་རེད།
- མི་རྒོད་ཁྲིམས་ལ་མི་འཐོག་གི
- རྟ་རྒོད་སྒྲོག་ལ་མི་འཐོག
- ཁྱོད་བྱི་ལའི་རྐེ་ཁའི་སྡིང་ལོབ་མ།
- རྐེ་ཚིག་མ་ཕུད་ཐར་ལོབ་མ།
- ཨ་མའི་གོ་ཁའི་འདུག་ལོབ་མ།
- ཟངས་དཀར་ནང་ལ་རེགས་ལོབ་མ།
- སྡེ་བ་བསྐྱང་ན་ཁོག་ཆེ་དགོས།
- རྒོད་པོ་ཁྲིད་ན་མཐུར་མདའ་རིང་དགོས།
- གོས་ཆེན་རྒས་རུང་རི་མོ་མ་ཡར་ཞིག
- དཔའ་བོ་རྒས་ན་འཛུམ་དྲུག་མ་ཡར་ཞིག
- གཟི་བ་ལང་ཤེས་ན་གྱོད་མེད་ནི་ཞིག
- གཅོད་པ་ལང་ཤེས་ན་འདྲེ་མེད་ནི་ཞིག
- གཟི་བ་གཟའ་བདུད་ཀྱི་ངོ་ཡོད་ས།
- གྱོད་པ་གནམ་ལྕགས་ཀྱི་ཐོག་ཡོད་ས།
- གཟི་ར་རྩག་ཅན་གྱིས་བརྒྱབ་ན།
- སྟག་རྩག་ཅན་གྱིས་རྫོགས་མེད་རེད།
- བྱ་ཁུ་ཕྱུག་སྔོན་མོ་མོན་ཡུལ་ནས་ཐོན་ན།
- གསུངས་སྙན་མོ་བོད་ཡུལ་ལ་སྒྲོག་ནི་ལྟ་བུ།
- ལུང་པའི་ཕུ་ཐག་རིང་ཐུང་།
- གཙང་རྒྱུད་སྔོན་མོའི་འགྲམ་གིས་དཔྱད།