24 Mar 2016
1 min 1 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- བསམ་བློ་བཞི་གསུམ་བཅུ་གཉིས་ཐོང་།
- བློ་རྩེ་ཉི་ཤུ་རྩ་ལྔ་བཀོད།
- རི་སེར་ཡག་མགོ་ལ་ཉི་མ་ཤར།
- བློ་རྩེ་དྲུག་མགོ་ལ་གཟི་མདངས་རྒྱས།
- བཤད་ན་གཏམ་གྱི་ཡར་དགའ་རྒྱ་ཆེ་ནི་ཞིག
- དྲིས་ན་ཚིག་གི་ལོ་མ་གྲངས་མང་ནི་ཞིག
- དུས་སུ་བབས་པའི་གཏམ་ཡོད་དགོས།
- སྐབས་སུ་བབས་པའི་ཆར་ཡོད་དགོས།
- རི་བོང་ཤིང་མངར་ཟ་དུས་སྐྱིད་ཅིག་ཡོད།
- དྲེད་རྒན་སྐྱག་པ་མི་ཐོང་སྡུག་་ཞིག་ཡོད།
- ཁེ་དྲག་དམན་གནམ་ས་འདྲ་ཞིག་ཡོད་གི་ཟེར།
- ལུས་བདེན་རྫུན་རྒྱ་ལམ་འདྲ་ཡོད།
- བདེན་དང་བདེན་དེད་ན།
- བདེན་གཙང་བོ་གཉིས་ལ་མགོ་ཐག་རིང་།
- རྫུན་དང་རྫུན་དེད་ན།
- རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་།
- གནོང་ཅན་ཁྲོས་ཟེར་ཡོད།
- རྒྱབ་ཆད་སྒུག་ཟེར་ཡོད།
- ཁྱོད་དགའ་ཡིས་ལྷ་ཁང་གི་གསེར་ཏོག་ལ་ལོག་ན་ཟེར་ནི་ཡིན།
- ཁྱོད་མ་དགའ་མ་ནེའི་ཞབས་ཀྱི་སྦལ་བ་ལོག་ན་ཟེར་ནི་ཡིན།
- བཤད་མི་དགོས་བཤམས་ནས་ཡོད།
- འབྲི་མི་དགོས་དོད་ནས་ཡོད།
- གྱོད་ལ་ཤོད་ཟེར་ཡོད།
- རོ་ལ་ངུས་ཟེར་ཡོད།
- སྐྱིད་སྡུག་རྒོ་ཡི་ར་ཚིགས་ཟེར་ཡོད།
- དྲོད་གྲང་མགར་བའི་ཁོའུ་ཁ་ཟེར་ཡོད།
- རྨ་ཆུ་ཡར་ལ་ཁྱེར་ཐལ་ཟེར་ཡོད།
- འབྲི་ཆུས་མར་ལ་ཁྱེར་ཐལ།
- རྨ་འབྲི་གཉིས་ཀྱི་ཁུག་ལ་ལྷུང་ཐལ།