24 Mar 2016
60 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- སྐྱེས་ཕོ་རབ་རང་གཟི་རང་གིས་བརྒྱབ་ཐ།
- རྟ་ཀྱི་ལང་རྔ་མ་རང་ལྕགས་རེད།
- རྣལ་འབྱོར་རང་བཅའ་བྱས་ཐ།
- བར་རྔ་རང་ལྕགས་བྱས་ཐ།
- གསུངས་རྐས་མགོ་མན་ལ་མི་འབབ་ཀི།
- ཞུ་རྐས་རྔ་ཡན་ལ་མི་ཐོན་ཀི
- གསེར་ས་འོག་ན་ཡོད་ན།
- འོད་ནམ་མཁའ་ཤར་ཐུབ།
- བུ་རང་སྐྱེས་ཀྱི་ངོ་བོ་རེད།
- ཆོས་གང་དར་གི་བསྟན་པ་རེད།
- སྟག་གི་ཁ་གདང་ཡོད་ན།
- འབྲོང་གི་ར་བགོར་ཡོད།
- སྟག་འདབ་ཤ་ཅན་གྱིས་ནག་བསྙེགས་ཐལ།
- འབྲོང་རི་དར་ཅན་གྱི་རྫ་བསྙེགས་ཐལ།
- ཁྱི་རྔ་འཕྱང་ཅན་པོ་ཤུལ་ནས་ལྷག་ཐལ།
- མི་གཏམ་ངོ་བཤད་ན་ངོ་མི་ཚ།
- རལ་བ་རྒྱབ་ནས་མདུད་ན་ངོ་མི་གཡོལ།
- ཁ་མཚར་གུ་རེ་མེད་ན་ལྐུག་པ་རེད།
- གུ་རེ་ཚོད་འཛིན་མེད་ན་སྨྱོན་པ་རེད།
- མེ་ཏོག་ཆུང་རུང་ལྷ་རྫས་རེད།
- གུར་གུམ་ཆུང་རུང་སྨན་རྫས་རེད།
- ལྷ་མཆོད་གི་མེ་ཏོག་ཡུ་བ་ཅན།
- ཁྲལ་འཇལ་གི་བེ་སང་དོ་བ་ཅན།
- ས་ཁ་རྒྱམ་ཆེ་ས་རེད།
- གནམ་ལྟོ་བ་ཡངས་ས་རེད།
- ཤ་བསད་ནས་ར་ཁུར་དགོས།
- རྟ་བསད་ནས་སྒ་ཁུར་དགོས།
- རྫ་ཞུགས་ནས་ཕ་མགོ་བཅག་ན།
- རྡུལ་འཕྱུར་ནས་མ་མིག་ཕུད་ན།
- ལས་བདེན་རྫུན་སྨྱུག་མ་བཀས་འདྲ་དགོས།
- བཀའ་ཡོ་དྲང་ཐིག་ཤིང་འཕང་འདྲ་དགོས།