24 Mar 2016
1 min 8 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- ཁ་ཡག་པས་སངས་མི་རྒྱས།
- བདུད་རྩི་འཐུང་བས་ཕོ་མི་བརྒྱགས།
- དར་ར་རུལ་པའི་སྐོམ་མི་སོད།
- དགྲ་གྱོད་གཉིས་དང་མ་ཐུག་ན།
- ཨ་མའི་གོ་ཁའི་སུ་ཡང་མཁས།
- རྒྱུ་ཚག་གཉིས་དང་མ་བྲལ་ན།
- ཁ་ཡག་ཅན་རེ་སུ་ཡང་ཡོད།
- ཕར་སོང་མེད་པའི་མི་ལ་རེ་མ་བཅའ།
- ཡོན་ཏན་མེད་པའི་མི་ལ་མཁས་མ་སློབ།
- ཚིག་བརྒྱ་བོ་བཤད་ཀི་མདོ་རྩ་རེད།
- སྒ་ལྷུ་བཞི་སྡོམ་པའི་འཛེར་ཐག་རེད།
- ཕྱིའི་བལྟས་ན་གཡང་སྒར་ཁྱུ་ཞིག་རེད།
- སྒོའི་མ་རེའི་རྩ་ན་བུ་རེ་ཡོད།
- སྲས་ཆུང་ཆུང་དགྲ་ལྷ་རྩེ་རྒྱལ་རེད།
- ཞུ་མི་ཕོད་མི་བློངས་ས་བོ་ཡིན།
- ད་ལུར་འགྲམ་ལྕགས་བྱས་ནས་མ་འུ་དྲན་བལྟས།
- ཡུགས་ས་ཇོ་དྲུད་བྱས་ནས་མི་འུ་དྲན་བལྟས།
- ཞུ་ས་རྒྱལ་པོའི་མདུན་རེད།
- ཞུ་རྟེན་རྒྱལ་མོའི་དར་རེད།
- ཕོ་ཚོད་དམའ་མོ་ཝ་འདྲ་འདྲ།
- ཞེ་སེམས་ནག་པོ་སྨག་འདྲ་འདྲ།
- དཔོན་ཆེ་བོའི་ཁ་བཤད་སྟོང་པ་རེད།
- ཆུ་ཆེན་པོའི་རབ་སོ་སྟོང་པ་རེད།
- རྟ་ཕོ་ཆུ་ཕྱེད་ལ་བརྒལ་ཚར་ཐལ།
- མཛོ་མོ་ནུ་ཕྱེད་བཞོས་ཚར་ཐལ།
- ཚིག་ཞར་ཞུ་རྒྱལ་པོའི་སྙན་ལ་མི་ཐོན་གི།
- མདའ་ཕར་འཕང་བྲག་དམར་དཀྱིལ་ལ་མི་ཕོག
- ཤྭ་ལ་སོང་རྒྱབ་ཀྱི་མདའ་འཕེན་རེད།
- ཁྱི་རྐང་རྗེས་ཐོག་གི་ངུ་ཟུག་བྱེད།
- ཕུ་ནུའི་ཟུར་ཤ་རེད།
- ཉེ་བའི་ཐུང་ཤ་རེད།
- སྟོང་དངུལ་ཟེད་པོ་ཡན་ཆོད།
- དམར་ཆེན་གཏོར་མ་འདྲ་འདྲ།
- བཀའ་བརྒྱད་ཁྲམས་ཤིང་འདྲ་འདྲ།
- རི་ལ་ཤ་བྱས།
- ལུང་པར་ཁྲག་བྱས།