Audio Overview
A nomadic proverb from Sertar, Ganzi Prefecture, Sichuan
- ཝ་ཤུལ་དཔོན་ཚང་གིས།
- བཀའ་ཤོག་རླུང་ལ་བསྐུར།
- ཐེམ་ཚེ་རྡོ་བརྒྱབ།
- དངོས་གྲུབ་ལེན་ཁ་ཉ་ཡས་འདར།
- ཤི་གསོན་ཕྱེ་ཁ་རྣམ་ཤེས་བྲེལ།
- དབྱར་དགུན་ཕྱེ་ཁ་ལྷོ་སྤྲིན་བྲེལ།
- བལྟས་བསྡད་ན་རི་བཀལ་ནི་འདྲ་འདྲ།
- ཉན་བསྡད་ན་འདྲེ་གྲག་ནི་འདྲ་འདྲ།
- གཏམ་གི་རོ་མཆོག་མནའ་རེད།
- བླ་མའི་སྔོན་ལ་དེ་མི་མཛེས།
- ཟས་ཀྱི་རོ་མཆོག་ཚ་རེད།
- སྦལ་བའི་རྒྱབ་ལ་དེ་མི་མཛེས།
- བདེན་ཅན་ཆེན་གཅར་ས་རེད།
- རྫུན་ཅན་བྲོས་ས་རེད།
- ཁ་བདེ་རིན་ཆེན་གཏམ་ལ་མགོ་བརྒྱན་འཇོག
- ལག་བདེ་ཆུ་ཕྲན་རྔ་མ་པ་དྲ་ཕབས།
- ཨ་ལོང་རེ་དང་འཕར་ཁ་རེ།
- འཛེར་མ་རེ་དང་འཛེར་གདན་རེ།
- བློ་གྱེན་ཙོག་གི་འཕུར་མ་ནོན་དཀའ།
- ཚོད་དབུ་ར་རྔ་ལོ་འདི་ཟིན་དཀའ།
- ཚིག་བཤད་པའི་སྟེང་ལ་ཆད་དགོས།
- རྡོ་རི་མོའི་སྟེང་ལ་ཆགས་དགོས།
- ལྕོང་མོ་མགོ་ལྡོག་རྔ་འཕྲ་མ།
- རྒྱ་མཚོ་དཀྲུག་གི་ཐུར་མ་རེད།
- ཚིག་སྔར་བཤད་སྟེང་གི་གམས་སེ་སྡོད།
- རྟ་འདོ་བའི་སྟེང་གི་ཡངས་སེ་སྡོད།
- རྒྱ་མཚོ་ཁ་མ་གཅིག་ན་གཏིང་མི་གཅིག
- བསམ་པ་གོ་མ་གཅིག་ན་རྨུག་པོ་མདངས་མི་གཅིག
- གར་མོ་གྱེས་གྱེས་བྱོས།
- བདེ་མོ་ལེབ་ལེབ་ཅེས།