Audio Overview
A nomadic proverb from Drango, Ganzi Prefecture, Sichuan
- ཁྱོའི་ཡ་ཆུང་གཡུ་ལོའི་ནང་ན།
- གློ་ལ་གློ་བྲན་ཅི་ཡོད་ཤེས།
- མ་ཆུང་རྒྱུ་མའི་ནང་ན།
- རྒྱུ་མ་རྒྱུ་འཁོར་ཅི་ཡོད་ཤེས།
- ཡ་ཆུང་གཡུ་ལོའི་ནང་ན།
- མ་ཞིའི་འཁང་པ་རྡོ་འདྲ་འདྲ།
- མ་ཆུང་རྒྱུ་མའི་ནང་ན།
- མ་བཙོས་རློན་པ་ཤ་འདྲ་ཞིག།
- ཆུ་ཁའི་བྱེ་མ་ལ་ཁ་བླངས།
- ལ་ཁའི་བྱེ་མ་ལག་ལ་བླངས།
- བར་བ་རི་རྡོ་བཀན་དགོས།
- ལས་མ་ཉན་ཉི་མ་ཡོད་དགོས།
- ས་ནག་གད་པའི་རྟགས་འཇོག་འདི།
- ས་ནོར་གི་ཉི་མ་ལྟ་ས་ཡིན།
- ཨ་སེར་ཚིག་གི་སྔོན་འགྲོ་འདི།
- ལས་མ་ཉན་ཉི་མ་གླེང་རྒྱུ་ཡིན།
- ཆུ་ཁའི་བྱེ་མ་ལ་ཁ་བླངས།
- ལ་ཁའི་བྱེ་མ་ལག་ལ་བླངས།
- བར་བ་རི་རྡོ་འདི་བརྟན་དགོས།
- ལས་མ་མཉམ་ཉི་མ་འདི་ཡོད་དགོས།
- ས་ནག་གད་པའི་རྟགས་འཇོག་འདི།
- ས་ནོར་གི་ཉི་མ་ལྟ་ས་ཡིན།
- ཨ་སེར་ཚིག་གི་སྔོན་འགྲོ་འདི།
- ལས་མ་མཉམ་ཉི་མ་གླེང་རྒྱུ་ཡིན།
- ས་ནག་གད་པ་རྟགས་ལ་འཇོག
- རྡོ་ནག་རི་མོ་འབེན་ལ་འཇོག
- ཝ་ཅི་ལྟར་ངན་རུང་ཞྭ་ཞིག་རེད།
- སྟག་ཅི་ལྟར་བཟང་རུང་སྟན་ཞིག་རེད།
- སྟོད་ལུག་མ་མོའི་ནང་ཆུ་དེ།
- ཡིན་ལུགས་མིན་ལུགས་བཅོ་བརྒྱད་ཡོད།
- ཡིན་ལུགས་ཤ་དང་པག་པ་རེད།
- མིན་ལུགས་རྩོད་དང་གཉང་པ་རེད།
- ཡི་གེ་ནག་ཆུང་འབོར་མེད་རེད།
- ཐེམ་ཚེ་དམར་ལུ་འདགས་མེད་རེད།