24 Mar 2016
1 min 1 sec
Audio Overview
Creators:
Nyanyang Group
A nomadic proverb from Sertar, Ganzi Prefecture, Sichuan
- མི་སྣ་མི་གཅིག་ལྷ་སྡེ་ཁ་ཁ།
- ལྕགས་སྣ་མི་གཅིག་མགར་བའི་ཁོའུ་ཁ།
- ནམ་མཁའི་སྤྲིན་རྫོག་རྫོག།
- ས་གཞིའི་སྡེ་རྫོག་རྫོག
- མི་ག་ནག་གྲིབ་མ་གེའུ་ནག་རེད།
- འབྲུག་ཕོ་ཁྱུང་ཟེའུ་བ་ལྗང་ནག་རེད།
- ཧོར་གི་མི་ནག་རྟ་ནག་འདི།
- ཡུལ་ལ་ལ་ནག་ལུང་ནག་རེད།
- ས་མཐའ་ཨ་ལོང་འགྲིམ་འགྲིམ།
- སྡེ་མཐའ་ཕུ་ཐུང་འགྲིམ་འགྲིམ།
- རྟ་རྨུག་སྔོན་མོ་ལྕགས་ཀྱིས་ཤན།
- ཡོབ་ཆེན་སྔོན་མོ་བལ་གྱིས་བསྐྱིལ།
- བདམས་ཁ་དཀར་ཇ་ཡིས་གསོས།
- འབུ་དུང་ཕྱུག་འོ་མས་གསོས།
- རྟ་ནག་ནག་གི་ཐོད་པའི་འཛུ་བྱས་ན།
- སྒའི་རྔ་རུ་སྐོར་ས་རེད།
- ཡོབ་ཕྲ་མོ་འཕེན་ས་རེད།
- འདྲེ་བྱ་སྲེག་པ་མ་འཕུར་ན།
- ལྷ་རྟ་རྐྱང་ལ་འདྲོག་དོན་མེད།
- ལྷ་རྟ་རྐྱང་ལུ་མ་འདྲོག་ན།
- སྐུ་ལུས་རིན་ཆེན་སྡེབ་དོན་མེད།
- སྐུ་ལུས་རིན་ཆེན་མ་བརྡབ་ན།
- རིན་ཆེན་བརྒྱན་ཆ་འཐོར་དོན་མེད།
- ཁ་ཕར་འཁོར་སོག་པ་ཁྲ་པོའི་གདོང་རེད།
- ཚུར་འཁོར་མཆུན་པ་སྨུག་པོའི་དོའུ་རེད།
- མཛུག་གུ་ལྔ་བོ་མི་རེད།
- མཛུག་གུ་ལྔ་བོ་རང་རེད།
- སེན་མོའི་སོར་ཁ་བྲང་རེད།
- རྐེ་བཅད་ན་རྐེ་འཕྲོ་འོ་མ་ཡིན།
- བྲང་བཀོག་ན་མགྲིན་པ་དཀར་པོ་རེད།
- རྐང་པ་བཅད་ན་རྒྱུ་མ་ཡིན།
- ལག་པ་བཅད་ན་གློ་བ་ཡིན།