Audio Overview
A nomadic proverb from Sertar, Ganzi Prefecture, Sichuan
- ཚིག་རྒྱ་གར་སྐད་ཀྱི་དབུ་འཇོག་ས།
- ཨོ་ཨ་ར་པ་ཙའི་སྔགས་བཀུག་ས།
- ཝ་ཤུལ་དཔོན་ཚང་།
- གནམ་ལྷ་བབས་ཀྱི་རྒྱལ་པོ།
- ས་ལྷུན་འགྲུབ་ཀྱི་མངའ་བདག
- གནམ་རྒྱགས་བ་སོ་དཀར་པོའི་དུང་།
- ས་རྒྱགས་རྒྱལ་མཚན་དམར་པོའི་ཐེའུ།
- དར་དཀར་ཅན་ལ་ལྷ་རྒྱུད་མ་ཆད་ཅིག
- དར་ནག་ཅན་ལ་སྔགས་རྒྱུད་མ་ཆད་ཅིག
- དེ་ཡིན་ནི་ཡིན་ན།
- ཝ་ཤུལ་དཔོན་ཚང་གི་ཁྲིམས་ར་བ་དན་གོང་མ།
- ཁྲིམས་དཀར་པོའི་འཐེན་ཐག་རྒྱོང་ས།
- རྟ་རག་དཀར་གཡས་བཏགས་གཡོན་བཏགས།
- གོས་ཕུ་རུང་གཡས་གྱོན་གཡོན་གྱོན་ས་དེ།
- བས་མགོ་གཡག་ར་བཀུག་བཀུག
- ཐོད་པ་མེ་ལོང་གཏུགས་གཏུགས་བྱེད།
- སྐུ་མི་འགྱུར་རྒྱ་ཤོག་དཀར་པོའི་ཐོག་ལ།
- གསུངས་མི་འགྱུར་སྣག་ཚ་ནག་པོས་བྲིས།
- ཐུགས་མི་འགྱུར་ཐམས་དཔའ་དམར་པོ་བརྒྱབ།
- སྟོད་རྒྱ་ཀར་ཁ་རུ་གཡས་སྐོར་བྱས།
- གསེར་གི་ཕོ་བྱ་ཏེ་ཕོ་ཞིག་ལགས་ཞིག
- དེའི་མགོ་ན་ནོར་བུ་ཆ་བདུན་ཡོད།
- སྨད་རྒྱ་ནག་ཁ་རུ་གཡོན་སྐོར་བྱས།
- དངུལ་གྱི་མོ་བྱ་ཏེ་མོ་ལགས་ཞིག
- དེའི་ཁོག་ན་སྦྲང་བུ་སྣ་ལྔ་ཡོད།