23 Mar 2016
1 min 1 sec
Audio Overview
Creators:
Nyanyang Group
A nomadic proverb from Drango, Ganzi Prefecture, Sichuan
- བླ་མ་ཕལ་ཆེར་ཕྱུག་པོའི་ཁྱིམ་ལ་འཁྲུངས།
- མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་ལ་འཁྲུངས།
- དབྱར་ཁའི་ཆུ་དང་ཆར་བ།
- དགུན་ཁའི་ཙག་དང་བསེར་བུ།
- འབྲུ་དྲུག་རླུང་ལ་ཕྱར་ན།
- ཡང་ལྕིག་རླུང་གིས་འབྱེད།
- འབྲུག་མོ་ཧོར་ན་ཡོད་ཀྱང་།
- བསམ་པ་གླིང་ན་ཡོད།
- འབྲེལ་མེད་ཀྱི་སྐད་ཆ་མ་བཤད།
- དགོས་མེད་ཀྱི་དངོས་པོ་མ་ཉོ།
- མ་ངན་རུང་སེམས་སྐྱིད།
- ལྷམ་ངན་རུང་ཉྭ་དྲོ།
- མ་བུ་མོའི་ཁོག་ལ་བུ་ཆུད།
- སྟག་ཤ་རའི་ཁོག་ལ་ཚིག་ཆུད།
- དྲང་མོ་བཤད་ན་མི་མི་དགའ།
- དབྱུག་པ་འཕྱར་ན་ཁྱི་མི་དགའ།
- མྱི་ཁོག་མིས་མི་ལོན།
- རྡོ་ཁོག་ཆུས་མི་ལོན།
- མི་ངོ་ཚ་མེད་ན་ཁྱི་ཡིན།
- ཁྱི་རྔ་མ་མེད་ན་འདྲེ་ཡིན།
- ཤ་ཚ་བའི་གཏམ་ལ་སྙན་མོ་མེད།
- ནད་སེལ་བའི་སྨན་ལ་ཞིམ་པོ་མེད།
- མི་མང་ནང་ན་མཁས་པ་ཡོད།
- བྱེ་མའི་ནང་ན་གསེར་དངུལ་ཡོད།
- མི་རིག་ན་སྒང་ལ་བུད།
- མི་ཤེས་ན་རྒན་ལ་དྲིས།